87833

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷག་པའི་བསམ་པའི་ལས་བཅུ་དྲུག་ (1)
Part of speech མིང་ཚིག
Definition ཐེག་པ་ཆེན་པོ་བསྡུས་པ་ལས་བྱུང་བ་སྟེ། ༡ གཅིག་ནས་གཅིག་ཏུ་བརྒྱུད་པའི་སྦྱོར་བའི་ལས། ༢ ཕྱིན་ཅི་ལོག་མེད་པའི་ལས། ༣ གཞན་གྱིས་བྱེད་དུ་མ་བཅུག་པར་བདག་ཉིད་སྦྱོར་བའི་ལས། ༤ མི་འཁྲུགས་པའི་ལས། ༥ ཟང་ཟིང་དང་མ་འདྲེས་པ་དང༌། ཕན་འདོགས་པ་དང༌། གནོད་པ་བྱེད་པ་ལ་རྗེས་སུ་ཆགས་པ་དང༌། ཁོང་ཁྲོ་བ་མེད་པ། ཚེ་རབས་གཞན་དུ་ཡང་རྗེས་སུ་འཇུག་པ་དང༌། ཚིག་གསུམ་གྱིས་ཟང་ཟིང་མེད་པའི་ལས། ༦ ཚིག་གཉིས་ཀྱིས་དེ་དང་མཐུན་པའི་ངག་དང༌། ལུས་ཀྱི་ལས། ༧ བདེ་བ་དང༌། སྡུག་བསྔལ་གཉིས་སུ་མེད་པར་མཉམ་པ་ཉིད་ཀྱི་ལས། ༨ མི་ཞུམ་པའི་ལས། ༩ མི་བཟློག་པའི་ལས། ༡༠ ཐབས་ཡོངས་སུ་འཛིན་པའི་ལས། ༡༡ ཚིག་གཉིས་ཀྱིས་མི་མཐུན་པའི་ཕྱོགས་ལས་འདུན་པ་བཟློག་པའི་ལས། ༡༢ རྒྱུན་མི་འཆད་པར་ཡིད་ལ་བྱེད་པའི་ལས། ༡༣ ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཡང་དག་པར་སྦྱོར་བ་དང༌། བསྡུ་བའི་དངོས་པོ་ལ་སྦྱོར་བ་དང༌། ཚིག་བདུན་གྱིས་ཁྱད་པར་དུ་འགྲོ་བའི་ལས། ༡༤ སྐྱེས་བུ་དམ་པ་ལ་བརྟེན་པ་དང༌། དམ་པའི་ཆོས་ཉན་པ་དང༌། དགོན་པ་ལ་གནས་པ་དང༌། རྣམ་པར་རྟོག་པ་བཟང་པོ་མ་ཡིན་པ་ཡོངས་སུ་སྤོང་བ་དང༌། གཉིས་ཀྱིས་ཡིད་ལ་བྱེད་པའི་ཡོན་ཏན་དང༌། གཉིས་ཀྱིས་གྲོགས་ཀྱི་ཡོན་ཏན་དང༌། ཚིག་དྲུག་གིས་གྲུབ་པར་སྦྱོར་བའི་ལས། ༡༥ ཚད་མེད་པ་ཡོངས་སུ་དག་པ་དང༌། མཐུ་ཐོབ་པ་དང༌། རྟོགས་པའི་ཡོན་ཏན་དང༌། ཚིག་གསུམ་གྱིས་གྲུབ་པའི་ལས། ༡༦ ཚོགས་ཡོངས་སུ་སྡུད་པའི་ཡོན་ཏན་དང༌། ཐེ་ཚོམ་མེད་པར་འདོམས་ཤིང་རྗེས་སུ་སྟོན་པ་དང༌། གཅིག་ནི་ཆོས་དང་ཟང་ཟིང་གིས་སྡུད་པ་དང༌། སེམས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་དང༌། ཚིག་བཞིས་ངེས་འཇོག་པའི་ལས་བཅས་སོ། །
Domain ཆོས་ལུགས།