87836

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷག་པའི་བསམ་པས་གནས་པར་བྱ་བ་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས་བྱུང་བ་སྟེ། སྙན་པར་སྨྲ་བ་དང་། ངན་དུ་སྨྲ་བ་རྣམས་ལ་ཁོང་ཁྲོ་མེད་པའི་སེམས། སྙན་པར་ཐོས་པ་དང། མི་སྙན་པ་ཐོས་པ་ལ་བྱམས་པའི་སེམས། དུས་ཐམས་ཅད་དུ་སེམས་ཅན་རྣམས་ལ་སྙིང་རྗེ་བའི་སེམས། སེམས་ཅན་རབ་འབྲིང་ཐ་མ་རྣམས་ལ་ཡང་དག་པར་སྦྱོར་བ། རི་མོ་བྱེད་པ་དང། བརྙས་པར་བྱེད་པ་རྣམས་ལ་སེམས་མཉམ་པ། གཞན་གྱི་ལྟུང་བའི་འཁྲུལ་པ་ཐམས་ཅད་ལ་ཉེས་པར་མི་ལྟ་བ། ཐེག་པ་སྣ་ཚོགས་ལ་རོ་གཅིག་པ། ངན་སོང་གི་སྡུག་བསྔལ་ཐམས་ཅད་ཀྱི་སྒྲས་མི་སྐྲག་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པར་འདུ་ཤེས་པ། སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་ཅན་ན་དེ་བཞིན་གཤེགས་པ་མཐོང་བ་ལ་ངོ་མཚར་དུ་འདུ་ཤེས་པའོ། །
Domain ཆོས་ལུགས།