8784

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞན་དོན་གོ་རིམ་གྱི་སྒྲུབ་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། ས་བཅུ་པ་ཐོབ་པའི་སྟོབས་ཀྱིས་གཞན་གྱི་དོན་བྱེད་པ་ལ་སངས་རྒྱས་དང་མཉམ་པ་རྗེས་མཐུན་པ་ཐོབ་པའི་སྒྲུབ་པ་ཞིག་ལ་འཇོག་པ་ཡིན་ནོ། །དེ་ལྟར་ཡང་པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། དེའི་འོག་ཏུ་བྱང་སེམས་ས་བཅུ་པ་བ་ཆོས་ཅན། གཞན་གྱི་དོན་གྱི་གོ་རིམ་གྱི་སྒྲུབ་པ་དང་ལྡན་ཏེ། གདུལ་བྱའི་བསམ་པ་ཇི་ལྟ་བ་བཞིན་དུ་གཞུག་པ་ལ་སོགས་པ་ལ་ལྡེམ་པོར་དགོངས་པའི་དྲང་དོན་དང༌། ངེས་དོན་གྱི་ཆོས་སྟོན་པའི་སྒོ་ནས་གདུལ་བྱ་ཐེག་པ་གསུམ་གྱི་ལམ་ལ་འགོད་པའི་མཚན་ཉིད་ཀྱི་རྗེས་ཐོབ་ཏུ་གཞན་དོན་བྱེད་ཚུལ་སངས་རྒྱས་དང་མཉམ་པ་རྗེས་སུ་མཐུན་པ་ཐོབ་པའི་སེམས་དཔའ་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།