8786
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། གདུལ་བྱ་ལ་ལེགས་པ་དང་ཕན་པ་འབའ་ཞིག་བྱེད་པ་དང། ལེགས་པ་མ་ཡིན་པ་ཅུང་ཟད་ཀྱང་མ་འདྲེས་པ་དང། རྒྱ་ཡོངས་སུ་མ་ཆད་པར་ལེགས་པའི་རིགས་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པའི་གཟུགས་སྐུ་གཉིས་མངའ་ཞིང། གདུལ་བྱའི་རྒྱུད་ཀྱི་མངོན་མཐོ་དང་ངེས་ལེགས་ལ་སོགས་པ་འགྲུབ་པར་བྱེད་པའི་ཚད་མའི་སྐྱེས་བུ་ཞིག་ལ་དེ་ལྟར་ཟེར་ཏེ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་དགའ་བྱང་ཡིག་ཆ་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་དོན་འགྲེལ་རྒྱལ་ཚབ་དགོངས་པ་རབ་གསལ་བློ་གསལ་གྱི་མགུལ་རྒྱན་ལས། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། གཞན་དོན་ཕུན་ཚོགས་མངའ་སྟེ། ཀུན་ཏུ་བཟང་པོའི་གཟུགས་སྐུ་གཉིས་མངའ་བའི་ཕྱིར། གཟུགས་སྐུ་གཉིས་ཆོས་ཅན། གཞན་དོན་ཕུན་ཚོགས་ཞེས་བྱ་སྟེ། གདུལ་བྱའི་རྒྱུད་ཀྱི་མངོན་མཐོ་དང་ངེས་ལེགས་གཞན་དོན་ཡིན་ལ། ཁྱོད་ཀྱིས་མངོན་མཐོ་དང་ངེས་ལེགས་འགྲུབ་པར་མཛད་པའི་ཕྱིར། གཟུགས་སྐུ་གཉིས་ཆོས་ཅན། ཀུན་ཏུ་བཟང་པོ་ཞེས་བྱ་སྟེ། གདུལ་བྱ་ལ་ལེགས་པ་དང་ཕན་པ་འབའ་ཞིག་བྱེད་པ་དང། ལེགས་པ་མ་ཡིན་པ་ཅུང་ཟད་ཀྱང་མ་འདྲེས་པ་དང། རྒྱ་ཡོངས་སུ་མ་ཆད་པར་ལེགས་པའི་རིགས་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པས་དེ་ལྟར་བརྗོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། |
| Domain | ཆོས་ལུགས། |