87865
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཚིག་སྔ་མ་མཚམས་སྦྱོར་བྱེད་པ་དང༌། ཕྱི་མ་མཚམས་སྦྱོར་བྱར་བཟུང་ནས་དུས་སྔ་ཕྱིས་འཇུག་པའི་མཚམས་སྦྱོར་ལྷག་བཅས། ཚིག་དོན་སྔ་ཕྱི་གཉིས་ཀ་མཚམས་སྦྱོར་བྱར་བཟུང་ནས་དུས་རིམ་གྱིས་འཇུག་པའི་མཚམས་སྦྱོར་ལྷག་བཅས། ཚིག་དོན་སྔ་ཕྱི་གཉིས་ཀ་མཚམས་སྦྱོར་བྱར་བཟུང་ནས་དུས་ཅིག་ཅར་དུ་འཇུག་པའི་མཚམས་སྦྱོར་ལྷག་བཅས། དབྱེ་བ་འདྲེན་པའི་དམ་བཅའ་ལྷག་བཅས། གཏན་ཚིགས་འདྲེན་པའི་དམ་བཅའ་ལྷག་བཅས། ངེས་ཚིག་འདྲེན་པའི་དམ་བཅའ་ལྷག་བཅས། རྒྱས་བཤད་འདྲེན་པའི་དམ་བཅའ་བཅས་དང་བཅས་མཚམས་སྦྱོར་ལྷག་བཅས་གསུམ་དང་དམ་བཅའ་ལྷ་བཅས་བཞི་དང༌། ལྷག་བཅས་བདུན་པོའི་སྟེང་དུ། ཚིག་དོན་སྔ་མ་ལས་གཞན་འདྲེན་པའི་གཞན་འདྲེན་ལྷག་བཅས་བསྣན་པས་སོ། ། |
| Domain | སྒྲ་རིག་པ། |