87879
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། ལྷག་མ་དངོས་གཞི་ཕྱིར་བཅོས་ཚུལ་ལ། མགུ་བའི་ཕྱིར་བཅོས་ཚུལ་དང་། དབྱུང་བའི་ཕྱིར་བཅོས་ཚུལ་གཉིས་ཡོད་དེ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་ལྷག་མ་དངོས་གཞི་ཕྱིར་བཅོས་ཚུལ་ཡོད་དེ། མགུ་བའི་ཕྱིར་བཅོས་ཚུལ་དང་། དབྱུང་བའི་ཕྱིར་བཅོས་ཚུལ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། མགུ་བ་ནོད་པ་དང་། མགུ་བ་སྤྱོད་པ་གཉིས་ཡོད་པའི་ཕྱིར། དེ་ནི་ཕལ་ཆེར་སྤོ་བའི་སྐབས་དང་འདྲ་ལ། དེ་ཡང་དགོས་པ་དང་། ཆེད་དུ་བྱ་བ་དང་། གྲངས་ཀྱི་ཚད་དང་། སྒྲ་བཤད་ནི་མ་གཏོགས་སོ། །སྤོ་མགུ་གཉིས་ལ་དགོས་པ་དང་། ཆེད་དུ་བྱ་བའི་ཁྱད་པར་ཡོད་དེ། སྤོ་བ་ནོད་པ་དང་། སྤྱད་པའི་དགོས་པ་དང་། ཆེད་དུ་བྱ་བ་ནི་ལྷག་མའི་བཅབས་ཉེས་དག་པའི་ཆེད་དུ་ཡིན་ལ། མགུ་བ་ནོད་པ་དང་། སྤྱད་པའི་དགོས་པ་ནི་དབྱུང་བ་འཆགས་པའི་རྟེན་དུ་རུང་བའི་ཆེད་དང་། ལྷག་མ་དངོས་དག་པའི་ཆེད་དུ་ཡིན་པའི་ཕྱིར་དང་། དགེ་སློང་མས་ནི་ལྕི་བའི་ཆོས་བརྒྱད་ལས་འདས་པའི་ལྟུང་བ་ཕྱིར་བཅོས་པའི་ཆེད་དུ་ཡིན་པའི་ཕྱིར། སྤོ་དགུ་གཉིས་ལ་ཞག་གྲངས་ཀྱི་ཁྱད་པར་ཡོད་དེ། སྤོ་བ་ནོད་སྤྱོད་ལྷག་མ་བཅབས་པའི་ཞག་གྲངས་ཇི་སྙེད་པ་དེ་སྙེད་དུ་བྱ་བ་ཡིན་པའི་ཕྱིར་དང་། མགུ་བ་དགེ་སློང་གིས་ཞག་དྲུག་དང་། དགེ་སློང་མས་ཟླ་བ་ཕྱེད་དུ་བྱ་བ་ཡིན་པའི་ཕྱིར། སྤོ་མགུ་གཉིས་ལ་སྒྲ་བཤད་ཀྱི་ཁྱད་པར་ཡོད་དེ། སྤོ་བའི་སྒྲ་དོན་བཤད་ཟིན་ཅིང་། མགུ་བའི་སྒྲ་དོན་ལྷག་མའི་དབྱུང་བ་འཆགས་པའི་དོན་དུ་དགེ་འདུན་ཐུགས་མགུ་བར་བྱེད་པས་མགུ་བ་དང་། ལྕི་བའི་ཆོས་ལས་འདས་པའི་ལྟུང་དག་པའི་དོན་དུ་དགེ་སློང་ཕ་མ་གཉིས་ཀའི་དགེ་འདུན་ཐུགས་མགུ་བར་བྱེད་པས་དེ་སྐད་བརྗོད་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |