87885

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷག་མཐོང་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཁམས་གོང་མའི་དངོས་གཞི་ཐོབ་པ་ལ་ཞི་ལྷག་གཉིས་སྒོམ་དགོས་ཤིང། ལྷག་མཐོང་ནི་གཙོ་བོ་སོ་སོར་རྟོག་པའི་ཤེས་རབ་ཀྱི་ཆར་གཏོགས་ཤིང་ཞི་གནས་ཀྱིས་ཟིན་པའི་ངང་ནས་དམིགས་པ་ལ་སོ་སོར་དཔྱོད་ཅིང་ལྷག་པར་མཐོང་བར་བྱེད་པའི་ཤེས་རབ་ཅིག་ལ་འཇོག་པ་ཡིན་ནོ། །མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་ལས། ཞི་གནས་ཀྱི་ངང་ནས་རང་གི་དམིགས་པ་ལ་དཔྱད་པ་བྱས་སྟོབས་ཀྱིས་དྲངས་པའི་ཤིན་སྦྱངས་ཀྱིས་ཟིན་པའི་སྒོ་ནས་རང་ཡུལ་ལ་སོ་སོར་དཔྱོད་པར་བྱེད་པའི་ཤེས་རབ། ལྷག་མཐོང་གི་མཚན་ཉིད་ནི། ཅིའི་ཕྱིར་ལྷག་མཐོང་ཞེས་བྱ་ཞེ་ན། ལྷག་པ་སྟེ་ཁྱད་པར་དུ་མཐོང་བས་ན། དེ་སྐད་ཅེས་བྱའོ། །ཞེས་གསུངས་སོ། །
Domain ཆོས་ལུགས།
ལྷག་མཐོང་ (2)
Part of speech མིང་ཚིག
Definition མདོ། དབུ་མ། ངོ་བོ་ནི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བོ། །སྒྲ་དོན་ནི་སེམས་གཞན་པས་ཡུལ་མཐོང་ཚུལ་གྱི་ནུས་པ་ལྷག་པའི་ཕྱིར་ལྷག་མཐོང་ཞེས་བྱའོ། །འདི་ལ་ཡུལ་གྱི་སྒོ་ནས་ཇི་སྙེད་པ་རྣམ་པར་འབྱེད་པ་དང་། ཇི་ལྟ་བ་རྣམ་པར་འབྱེད་པའི་ལྷག་མཐོང་གཉིས་ཏེ། རབ་ཏུ་དབྱེ་བར་བྱ་བའི་ཆོས་ལ་ཆོས་ཅན་དང་ཆོས་ཉིད་གཉིས་སུ་ངེས་པའི་ཕྱིར་རོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་དབུ་མའི་རིགས་ཚོགས་དཀའ་གནད་ལས་གསུངས་སོ། །ལྷག་མཐོང་ནི་ཡིན་ལུགས་རྣམ་པར་འབྱེད་ཅིང་རྟོགས་པའི་ཤེས་རབ་བོ་ཞེས་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་སྒོམ་རིམ་འཁྲུལ་སྤོང་དབྱངས་ཀྱི་རྔ་སྒྲ་ལས་གསུངས་སོ། །
Domain ལྟ་གྲུབ།