87890
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ། ༡ དམིགས་པའི་མཚན་མ་ནི། ལྷག་མཐོང་གི་ཕྱོགས་ཀྱི་ཤེས་བྱའི་དངོས་པོ་དང་ཆ་མཐུན་པ་དང་། གཟུགས་བརྙན་ལ་དམིགས་པའི་མཚན་མ་སྟེ། དམིགས་པ་དེས་ཤེས་རབ་རྣམ་པར་དཔྱོད་པར་བྱེད་དོ། ། ༢ གཞིའི་མཚན་མ་ནི། ལྷག་མཐོང་གི་སེམས་ཡོངས་སུ་བསྒོམས་ནས། དེའི་འོག་ཏུ་ལྷག་མཐོང་ཡོངས་སུ་དག་པར་བྱ་བའི་ཕྱིར། སེམས་ཞི་གནས་ལ་སྦྱོར་བ་གང་ཡིན་ཡིན་པ་སྟེ། དེ་ནི་གཞིའི་མཚན་མ་ཡིན་ནོ། ། |
| Domain | ཆོས་ལུགས། |