87892
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ། ༡ མཚན་མ་ཙམ་གྱི་རྗེས་སུ་ཞུགས་པའི་ལྷག་མཐོང་ནི། གང་གིས་ཐོས་པ་དང༌། བཟུང་བའི་ཆོས་སམ། གདམས་ངག་ལ་མཉམ་པར་གཞག་པའི་ས་པའི་ཡིད་ལ་བྱེད་པས། ཡིད་ལ་བྱེད་ཅིང་སེམས་པར་མི་བྱེད། རྟོག་པར་མི་བྱེད། འཇལ་བར་མི་བྱེད། ཉེ་བར་རྟོག་པར་མི་བྱེད་པ་སྟེ། དེ་ནི་མཚན་མ་ཙམ་གྱི་རྗེས་སུ་ཞུགས་པ་ཡིན་ནོ། །༢ ཡོངས་སུ་བཙལ་བའི་རྗེས་སུ་ཞུགས་པའི་ལྷག་མཐོང་ནི། གང་གི་ཚེ་སེམས་པར་བྱེད། རྟོག་པར་བྱེད། འཇལ་བར་བྱེད། ཉེ་བར་རྟོག་པར་བྱེད་པ་དེའི་ཚེ་ན་ནི། ཡོངས་སུ་བཙལ་བའི་རྗེས་སུ་ཞུགས་པ་ཡིན་ནོ། །༣ ཡོངས་སུ་བཙལ་བ་ལ་སོ་སོར་རྟོགས་པའི་རྗེས་སུ་ཞུགས་པ་ནི། གང་གི་ཚེ་བསམས་ཤིང་བརྟགས་ལ། ཇི་ལྟར་རྣམ་པར་གཞག་པ་དེ་བཞིན་དུ་སོ་སོར་རྟོག་པར་བྱེད་པ་དེའི་ཚེ་ན་ནི། ཡོངས་སུ་བཙལ་བ་ལ་སོ་སོར་རྟོག་པའི་རྗེས་སུ་ཞུགས་པ་ཡིན་ནོ། ། |
| Domain | ཆོས་ལུགས། |