87895

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷག་མཐོང་རྣམ་པ་གསུམ་ (1)
Part of speech མིང་ཚིག
Definition གཞི་རྣམ་པ་གསུམ་གྱི་ལྷག་མཐོང་། གཞི་རྣམ་པ་བཞིའི་ལྷག་མཐོང་། གཞི་རྣམ་པ་དྲུག་གི་ལྷག་མཐོང་ངོ་།
Domain ཆོས་ལུགས།
ལྷག་མཐོང་རྣམ་པ་གསུམ་ (2)
Part of speech མིང་ཚིག
Definition མཚན་མ་ལས་བྱུང་བ་ནི། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་འབའ་ཞིག་ཡིད་ལ་བྱེད་པའི་ལྷག་མཐོང་གང་ཡིན་པའོ། །༢ ཡོངས་སུ་ཚོལ་བ་ལས་བྱུང་བ་ནི། དེ་དང་དེར་ཤེས་རབ་ཀྱིས་ཤིན་ཏུ་ལེགས་པར་མ་རྟོགས་པའི་ཆོས་དེ་དག་ཉིད་ཤིན་ཏུ་ལེགས་པར་རྟོགས་པར་བྱ་བའི་ཕྱིར། ཡིད་ལ་བྱེད་པའི་ལྷག་མཐོང་གང་ཡིན་པའོ། །༣ སོ་སོར་རྟོག་པ་ལས་བྱུང་བ་ནི། དེ་དང་དེར་ཤེས་རབ་ཀྱིས་ཤིན་ཏུ་ལེགས་པར་རྟོགས་པའི་ཆོས་རྣམས་ལ་རྣམ་པར་གྲོལ་བས་ཤིན་ཏུ་ལེགས་པར་བདེ་བ་ལ་རེག་པར་བྱ་བའི་ཕྱིར་ཡིད་ལ་བྱེད་པའི་ལྷག་མཐོང་གང་ཡིན་པའོ། །