87900
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་འཁོར་ལུགས་ཀྱི་བསྟན་པའི་གནས་ཚད་ལ་མདོ་ལུགས་ལས་ལྷག་མ་ལོ་བརྒྱ་དང་བཞི་ཡོད་པའི་བསྟན་པའི་ལོ་ཡུན་དེ་ལ་ཟེར། རིགས་ལྡན་སྙིང་ཐིག་ལས། རྒྱལ་བའི་བསྟན་པ་སྔ་དར་ཚད། །ལོ་གྲངས་སུམ་སྟོང་སུམ་བརྒྱ་བཞི། །དེ་སྟེང་རིགས་ལྡན་དྲག་པོ་ཡིས། །གསོས་པའི་རྒྱལ་བསྟན་ཕྱི་དར་ཚད། །སྟོང་དང་བརྒྱད་བརྒྱ་བསྣན་པ་ན། །ལྔ་སྟོང་བརྒྱ་དང་བཞི་འབྱུང་བ། །རྒྱལ་བའི་བསྟན་པའི་གནས་ཚད་ཡིན། །ལྔ་སྟོང་ལས་ནི་བརྒྱ་དང་བཞིས། །མང་བ་རྒྱུད་འདིའི་ཁྱད་ཆོས་སུ། །ཕུག་པའི་ལུགས་ཀྱི་མཁས་རྣམས་སྨྲ། །ཞེས་བྱུང་། །དེས་ན་ལྷག་མའི་བསྟན་པའི་གནས་ཚད་དེ་མ་འོངས་ཕྱི་ལོ་༤༡༢༠་པ་ནས་༤༢༢༤་པའི་བར་དུ་འབྱུང་བའི་བསྟན་པའི་ཡུན་ཚད་ལྷག་མ་མི་ལོ་༡༠༤་ཡོད་པ་དེའོ། ། |
| Domain | རྩིས་རིག |