88012
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། དབུ་མ། ལྷན་སྐྱེས་ཀྱི་གང་ཟག་གི་བདག་འཛིན་ནི་གང་ཟག་ངོ་བོ་ཉིད་ཀྱིས་གྲུབ་པར་འཛིན་པ་ཡིན་ནོ། །བདག་དང་རྟག་སོགས་མཚན་མཚོན་དུ་འབྲེལ་བར་འཛིན་པའོ། །ཕུང་པོ་ལ་བདེན་པར་འཛིན་པ་ལྟ་བུ་སྟེ། གྲུབ་མཐའ་ལ་ཞུགས་མ་ཞུགས་ཐམས་ཅད་ཀྱི་ཐུན་མོང་བ་ཡིན་པའི་ཕྱིར་རོ། །ཞེས་རོང་སྟོན་གྱི་དབུ་མ་རིགས་ཚོགས་ཀྱི་དཀའ་གནད་ལས་གསུངས་སོ། ། ཕུང་པོའི་གནས་ཚུལ་ལམ་རང་བཞིན་མ་རྟོགས་པ་དེ་སྲིད་དུ་དེ་ལ་དམིགས་ཤིང་བརྟེན་ནས་ངའོ་སྙམ་པའི་བློ་རང་གི་ངང་གིས་སྐྱེ་བ་ཏེ། སྐབས་འགའ་ཞིག་ཏུ་ཐག་པ་ཁྲ་བོའི་ཀུན་རྫོབ་ཀྱི་རང་གི་ངོ་བོ་མི་ཤེས་པ་དེ་སྲིད་དུ་སྦྲུལ་འཛིན་བློ་ངང་གིས་སྐྱེ་བ་བཞིན་ནོ། །དེ་ལྟ་བུ་དེ་ལ་ངར་འཛིན་ལྷན་སྐྱེས་ཞེས་བྱའོ། །ཞེས་པཎ་ཆེན་ཤཱཀ་མཆོག་གིས་སྒོམ་རིམ་འཁྲུལ་སྤོང་ལས་གསུངས་སོ། ། གང་ཟག་གི་བདག་འཛིན་ལྷན་སྐྱེས་ནི། དམིགས་པ་(ཕུང་པོ་)དེ་ལ་དམིགས་ནས་རྣམ་པ་ངའོ་སྙམ་དུ་ཞེན་པར་བྱེད་ཅིང་དེའི་འོག་ཏུ་ནི། དམིགས་པ་མིག་རྣ་ལ་སོགས་པ་རེ་རེ་བ་ལ་དམིགས་ནས་རྣམ་པ་ང་ཡིའོ་ཞེས་ཞེན་པའི་རྟོག་པ་སྐྱེ་བར་འགྱུར་བ་ཡིན་ནོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་དབུ་མ་ལུང་རིགས་རྒྱ་མཚོ་ལས་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:ལྷན་སྐྱེས་ཀྱི་གང་ཟག་གི་བདག་འཛིན་
|; |@@@ | | }}