88016

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷན་སྐྱེས་ཀྱི་བདག་ (1)
Part of speech མིང་ཚིག
Definition མདོ། དབུ་མ། ལྷན་སྐྱེས་ཀྱི་མ་རིག་པས་བཏགས་པ་ནི་གྲུབ་མཐའ་ལ་ཞུགས་མ་ཞུགས་ཐམས་ཅད་ལ་ཐུན་མོང་དུ་ཡོད་པའི་གང་ཟག་ཏུ་འཛིན་པ་དང། ཆོས་སུ་འཛིན་པ་གཉིས་ཀྱི་དམིགས་ཡུལ་གང་ཟག་དང། ཆོས་སུ་འཇོག་ལ། འཛིན་སྟངས་ཀྱི་གཟུང་བྱ་བདེན་པ་ནི་གང་ཟག་གི་བདག་དང། ཆོས་ཀྱི་བདག་ཏུ་འཇོག་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་འཇུག་པའི་དཀའ་འགྲེལ་ལས་གསུངས་སོ། ། ཐོག་མ་མེད་པའི་བག་ཆགས་ཀྱིས་བསླད་པ་ལ་བརྟེན་གཞི་མེད་ལ་ངའོ་སྙམ་དུ་འཛིན་པའི་ངར་འཛིན་ལྷན་སྐྱེས་ཀྱི་དམིགས་ཡུལ་དུ་གྱུར་པའི་ང་ཙམ་ནི། ལྷན་སྐྱེས་ཀྱི་བདག་དང། ལྷན་སྐྱེས་ཀྱི་གང་ཟག། ཕུང་པོ་ལ་བདེན་པར་འཛིན་པའི་བདེན་འཛིན་ལྷན་སྐྱེས་ཀྱི་དམིགས་ཡུལ་དུ་གྱུར་པའི་ཕུང་པོ་ཙམ་ནི་ཆོས་དང་གང་ཟག་གཉིས་ཀྱི་ཟླས་ཕྱེ་བའི་ཆོས་ཙམ་ཡིན་པས། དེ་དག་ཐ་སྙད་དུ་ཡོད་དེ། ཕུང་པོ་ཉེ་བར་བླང་བྱ་སོགས་དང། བདག་ཉེ་བར་ལེན་པ་པོ་སོགས་ཡིན་པའི་ཕྱིར། ངར་འཛིན་ལྷན་སྐྱེས་དང་ཕུང་པོ་ལ་བདེན་པར་འཛིན་པའི་བདེན་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་གང་ཟག་བདེན་པར་གྲུབ་པ་དང། ཕུང་པོ་བདེན་པར་གྲུབ་པ་གཉིས་ལྷན་སྐྱེས་ཀྱི་བློས་གཟུང་བྱ་ཡིན་ཡང། གང་ཟག་གི་བདག་དང་ཆོས་ཀྱི་བདག་ཏུ་འགྲོ་བས་ཐ་སྙད་དུ་ཡང་མེད་དེ། བདག་དེ་གཉིས་ཐ་སྙད་དུ་འགོག་པར་བྱེད་པའི་ཕྱིར་རོ། །ཞེས་མཁན་ཆེན་ངག་ཆོས་ཀྱི་དབུ་འཇུག་སྤྱི་དོན་ལས་སོ། །
Domain ཆོས་ལུགས།

{{#arraymap:ལྷན་སྐྱེས་ཀྱི་བདག་

|; |@@@ | | }}