88064

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷམ་སྦྱིན་པའི་ཕན་ཡོན་བཅུ་ (1)
Part of speech མིང་ཚིག
Definition ལས་རྣམ་པར་འབྱེད་པ་ལས་བྱུང་བ་སྟེ། དེ་བཞོན་པ་རྣམས་ཀྱིས་བྲེལ་བར་མི་འགྱུར་བ། རྐང་པ་ལེགས་པར་གནས་པར་འགྱུར་བ། ལམ་དུ་འགྲོ་ན་སྟོབས་དང་ལྡན་པར་འགྱུར་བ། དེའི་ལུས་ངལ་བར་མི་འགྱུར་བ། དེ་འགྲོ་ན་ཚེར་མ་དང་། གསེག་མ་དང། གྱོ་མོ་རྣམས་ཀྱིས་རྐང་པར་རྨས་པར་མི་འགྱུར་བ། རྫུ་འཕྲུལ་ཐོབ་པར་འགྱུར་བ། དེ་རིམ་གྲོ་བྱེད་པ་དང་མི་ལྡན་པར་མི་འགྱུར་བ། ལོངས་སྤྱོད་ཆེ་བར་འགྱུར་བ། མཐོ་རིས་སུ་སྐྱེ་བར་འགྱུར་བ། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བའོ། །
Domain ཆོས་ལུགས།

{{#arraymap:ལྷམ་སྦྱིན་པའི་ཕན་ཡོན་བཅུ་

|; |@@@ | | }}