88071

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷའི་གྲོང་པའི་ཆོས་ཀྱི་རིམ་པ་དྲུག་ (1)
Part of speech མིང་ཚིག
Definition འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་བྱུང་བ་སྟེ། རྒྱལ་ཆེན་རིས་བཞི་པ་རྣམས་ནི་མི་རྣམས་བཞིན་ནོ། །འཁྲིག་པ་མི་རྣམས་མཚུངས་པ་ནི་སུམ་ཅུ་རྩ་གསུམ་པ་རྣམས་སོ། །འཐབ་བྲལ་བ་རྣམས་ནི་རེག་པས་སོ། །དགའ་ལྡན་པ་རྣམས་ནི་སྨྲས་པས་སོ། །འཕྲུལ་དགའ་བ་རྣམས་ནི་བལྟས་པས་སོ། །དྲི་དང་བརྗོད་པ་རྣམས་ནི་ཉན་པས་ཏེ། གལ་ཏེ་རིང་བ་ནས་དྲི་རྣམས་འཛིན་པར་བྱེད་དམ། གལ་ཏེ་ཡང་མཉན་པར་གྱུར་ན་གཞན་འཕྲུལ་དབང་བྱེད་པ་རྣམས་ངོམས་པར་མི་འགྱུར་རོ། །རིམ་པ་འདི་དག་གིས་ལྷ་གཅིག་ཀྱང་ལྷ་མོ་རྣམས་ཐམས་ཅད་དང་མཐུན་པར་འགྱུར་རོ། །
Domain ཆོས་ལུགས།

{{#arraymap:ལྷའི་གྲོང་པའི་ཆོས་ཀྱི་རིམ་པ་དྲུག་

|; |@@@ | | }}