88078

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷའི་ཐེག་པ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ལྷའི་ཐེག་པ་ནི་འཇིག་རྟེན་པའི་ཐེག་པའི་བྱེ་བྲག་གམ་སོར་བཞག་ལྷ་མིའི་ཐེག་པའི་ནང་གསེས་ཏེ། ཡིད་ཀྱི་མུན་སེལ་ལས། ཟག་པ་དང་བཅས་པའི་བསམ་གཏན་བཞི་དང་། གཟུགས་མེད་བཞི་བསྒོམ་པ་ནི་མི་གཡོ་བའི་ལས་ཏེ། ལྷ་ཡི་ཐེག་པ་ཞེས་བྱའོ། །དེ་སྐད་དུ་(སྒྱུ་འཕྲུལ་རྒྱས་པ་)དེ་ཉིད་ལས། ཚད་མེད་བཞི་སྤྱོད་མི་གཡོ་བསྒོམ་བྱེད་པ། །ཚངས་གནས་ལ་སོགས་རིམ་པར་སྐྱེ་བའི་རྒྱུ། །ཞེས་སོ། །དེ་ཡང་དགེ་བ་དང་མི་དགེ་བ་གཉིས་ནི་འདོད་པར་གཙོ་བོར་འཕེན་ཞིང་། མི་གཡོ་བས་ནི་ཁམས་གོང་མ་གཉིས་ལས་གཞན་དུ་མི་འཕོ་བའི་ཕྱིར་གོང་མ་གཉིས་ཀྱི་ལས་སོ། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ལྷའི་ཐེག་པ་

|; |@@@ | | }}