88085

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷའི་དབང་པོ་ (1)
Part of speech མིང་ཚིག
Definition ལྷའི་དབང་པོ་ནི་ཁྱབ་འཇུག་སྟེ། མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་མཚན་དོན་གསལ་བར་བྱེད་པའི་སྒྲོན་མེ་ལས། ལྷའི་དབང་པོ་སྟེ། ཁྱབ་འཇུག་གིས་འདུལ་བ་ལ་ཁྱབ་འཇུག་ཏུ་སྤྲུལ་ལོ། །ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་མ་དག་པའི་སྤྲུལ་པ་བཀྱེས་ནས་གང་ལ་གང་འདུལ་གྱིས་འགྲོ་བ་འདྲེན་སྐབས་ལྷའི་དབང་པོའམ། ཁྱབ་འཇུག་ཏུའང་སྤྲུལ་བར་གསུངས། སྤྱིར་ལྷའི་དབང་པོ་ནི་བརྒྱ་བྱིན་ལ་གོ་ནའང་། སྐབས་འདིར་ཁྱབ་འཇུག་ལའང་འཇུག་པར་བསྟན།
Domain ཆོས་ལུགས།

{{#arraymap:ལྷའི་དབང་པོ་

|; |@@@ | | }}