88098

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷའི་བསྐྱེད་ཆོག་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། ལྷའི་བསྐྱེད་ཆོག་ལ་དོགས་པ་དཔྱད་པ་ནི། ཁ་ཅིག་ན་རེ། མདོར་བྱས་ལས། དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་རྣམས་ཕྱག་རྒྱ་བཞིའི་རྒྱས་འདེབས་པ་ཚང་བའི་སྒོ་ནས་བསྐྱེད་པར་གསུངས་པ་དང་། འདུས་པ་འདིར་ལག་པའི་ཕྱག་རྒྱ་འཆིང་བར་དངོས་སུ་མ་བཤད་པ་གཉིས་འགལ་བ་ཡིན་ཏེ། ཐུགས་དམ་ཚིག་གི་ཕྱག་རྒྱ། གསུང་ཆོས་ཀྱི་ཕྱག་རྒྱ། སྐུ་ཕྱག་རྒྱ་ཆེན་པོ་གསུམ་ལ་ལག་པའི་ཕྱག་རྒྱ་འཆིང་དགོས་པར་རྩ་རྒྱུད་དེ་ཉིད་བསྡུས་པ་ལས་གསུངས་པའི་ཕྱིར། ཞེས་ཟེར་ན། དེ་ལ་འགལ་བའི་སྐྱོན་མེད་དེ། འདུས་པ་འདིར་ལག་པའི་ཕྱག་རྒྱ་འཆིང་བར་དངོས་སུ་མ་བཤད་ཀྱང་། དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་རྣམས་ལ་ཕྱག་རྒྱ་བཞིའི་རྒྱས་འདེབས་ལེགས་པར་ཚང་བ་ཡིན་ཏེ། ས་བོན་ལས་བསྐྱེད་པ་གསུང་ཆོས་ཀྱི་ཕྱག་རྒྱ། ཕྱག་མཚན་ལས་བསྐྱེད་པ་ཐུགས་དམ་ཚིག་གི་ཕྱག་རྒྱ། སྐུ་རྫོགས་པར་བསྐྱེད་པ་སྐུ་ཕྱག་རྒྱ་ཆེན་པོའོ། །མཛད་པ་འཕྲིན་ལས་ཀྱི་ཕྱག་རྒྱ་སྟེ་ཕྱག་རྒྱ་བཞིའི་རྒྱས་འདེབས་ལེགས་པར་ཚང་བ་ཡིན་པའི་ཕྱིར། རྩ་རྒྱུད་དེ་ཉིད་བསྡུས་པ་ལས་གསུངས་པ་དང་ཡང་མི་འགལ་ཏེ། དེ་དང་འདི་གཉིས་རྒྱུད་སྡེ་སོ་སོ་བ་ཡིན་པའི་ཕྱིར།
Domain ཆོས་ལུགས།

{{#arraymap:ལྷའི་བསྐྱེད་ཆོག་

|; |@@@ | | }}