88100

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷའི་བུ་དགེ་བའི་རྒྱལ་པོ་ (1)
Part of speech མིང་ཚིག
Definition རྙིང་མ། སྔོན་འདས་པའི་དུས་སུ་བྱུང་བའི་གསང་སྔགས་ཀྱི་རྣལ་འབྱོར་ལ་གནས་པའི་ལྷ་ཞིག་སྟེ། ལྷ་བུ་རིན་ཆེན་འོད་ལྡན་གྱི་གཏམ་རྒྱུད་དུ་བྱུང་བ་ལྟར་ན། གསང་བ་ངེས་པའི་དོན་ཚུལ་བཞིན་སྤྱོད་པའི་ལྷ་ཡི་བུ་དགེ་པའི་རྒྱལ་པོ་ཞེས་བྱ་བ་འདི་ཉིད་ལྷ་ཡི་བུ་ཁྲི་ཚོ་བཅུ་དང་བཅས་པ་ཉིད་སྙིང་པོ་གསང་བའི་དོན་ལ་ཡང་དག་པར་རྣལ་དུ་འབྱོར་པ་ལ། དེར་ལྷ་ཡི་བུ་རིན་ཆེན་འོད་ལྡན་ཞེས་པས་ལྷ་བུ་དགེ་བའི་རྒྱལ་པོ་སྤྱི་བོའི་གཙུག་གི་རིགས་ཀྱི་བདག་པོར་འཛིན་ཅིང་གུས་པའི་ཞིང་དུ་བསྟེན་ཏེ་ཤིན་ཏུ་དྭངས་པའི་དད་པས་དགེ་བར་གཡོས་ཏེ་ལྷ་རྫས་ཀྱི་ཡོ་བྱད་མང་པོ་དང་བཅས་ནས་ལྷ་བུ་དམ་པའི་དྲུང་དུ་དོང་སྟེ། རབ་ཏུ་དགའ་བས་འདུན་ཞིང་གུས་པའི་ཚུལ་བཟུང་ནས་སྙིང་པོ་གསང་བའི་དོན་ལ་ཡང་དག་པར་ཞུགས་ཏེ་གནས་པས་ཆོ་འཕྲུལ་ཆེན་པོ་བཞི་ཐོབ་པར་གྱུར་པའི་ཚུལ། མདོ་དགོངས་པ་འདུས་པར་གསང་སྔགས་ཚུལ་བཞིན་སྤྱོད་པ་ལ་མོས་པས་ཡོན་ཕུལ་བའི་ཕན་ཡོན་བསྟན་པའི་གཏམ་རྒྱུད་དུ་གསལ་བ་ལྟར་རོ། །
Domain ཆོས་ལུགས།

{{#arraymap:ལྷའི་བུ་དགེ་བའི་རྒྱལ་པོ་

|; |@@@ | | }}