88104

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷའི་བུ་འོད་ལྡན་ (1)
Part of speech མིང་ཚིག
Definition རྙིང་མ། སྔོན་གྱི་དུས་གསང་སྔགས་ཀྱི་གནས་ལ་དད་པ་ཐོབ་པའི་ལྷ་ཞིག སྔོན་གསང་སྔགས་ལྷ་གནས་གསུམ་དུ་གྲགས་པ་ཙམ་ལས་ཁྱབ་གདལ་དུ་མ་བྱུང་བའི་དུས་ཤིག་ན། ལྷའི་བུ་འོད་ལྡན་ཞེས་བྱ་བ་འདི་ཉིད་འཆི་བའི་དུས་ལ་བབས་ནས་འཆི་བའི་སྔ་ལྟས་ལྔ་བྱུང་བར་ཡིད་གདུང་ཞིང་མི་དགའ་བའི་བློས། ཕྱི་མའི་སྐྱེ་བ་ལ་འདུ་ཤེས་བཞག་སྟེ་བལྟས་པས་མི་གཙང་བའི་ཟས་ཀྱིས་འཚོ་བའི་སྲོག་ཆགས་བླུན་པའི་ལུས་ཤིག་ལེན་པར་རང་གི་མངོན་ཤེས་ཀྱིས་མཐོང་བས། ཤིན་ཏུ་འཇིགས་སྐྲག་གིས་སྐྱབས་ཡུལ་རྣམས་ཡིད་ལ་དྲན་ཅིང་འདུན་པ་ཇི་ལྟར་སྐྱེད་ཀྱང་མ་ཕན་པར། ཐེག་ཆེན་གསང་བའི་སྙིང་པོའི་མཚན་ཐུན་མིན་ཉིད་ཚིག་གི་ལམ་དུ་གྲགས་པ་བཞིན་ཡང་དག་པར་ཐོས་པ་དེ་ཉིད་ཡིད་ལ་བྱས་པ་ཡིས་ངན་འགྲོར་འགྲོ་བ་ལས་སླར་ལོག་སྟེ། གསང་བ་འཛིན་པའི་གནས་སུ་སྐྱེས་ཏེ་རྡོ་རྗེ་ཅན་གྱི་འཁོར་དུ་གྱུར་ནས་བདེ་བ་ཆེན་པོའི་གནས་སུ་འཁོད་པའི་སྐོར། མདོ་དགོངས་པ་འདུས་པར་གསང་སྔགས་ཀྱི་མཚན་ཐོས་པས་དམན་པའི་ལུས་ལེན་པ་ལས་ཐོན་པའི་གཏམ་རྒྱུད་དུ་བྱུང་བ་ལྟར་རོ། །
Domain ཆོས་ལུགས།

{{#arraymap:ལྷའི་བུ་འོད་ལྡན་

|; |@@@ | | }}