88124
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། ཞལ་ཕྱག་གི་གྲངས་ལ་དོགས་པ་དཔྱད་པ་ལ། ཁ་ཅིག་ན་རེ། རྩ་རྒྱུད་དེ་ཉིད་བསྡུས་པ། བཤད་རྒྱུད་རྡོ་རྗེ་རྩེ་མོ། ཆ་མཐུན་གྱི་རྒྱུད། དཔལ་མཆོག་དང་པོ། དེ་གཉིས་ཀའི་རྒྱུད་རྣམ་སྣང་མངོན་བྱང་སོགས་ལ་དཀྱིལ་འཁོར་ལ་འགོད་བྱའི་ལྷ་རྣམས་ཤས་ཆེར་ཞལ་གཅིག་ཕྱག་གཉིས་པར་གསུངས་ནས། འདུས་པ་འདིར་ཞལ་གསུམ་ཕྱག་དྲུག་པ་ཁོ་ནར་གསུངས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། འདུས་པ་འདིར་སྒྱུ་ལུས་འོད་གསལ་ཟུང་འཇུག་གསུམ་གཙོ་བོར་རྩལ་དུ་བཏོན་ནས་འཆད་པ་ལྟར་རྒྱུད་གཞན་གང་ལས་ཀྱང་མ་བསྟན་པར་ཤེས་པར་བྱ་བའི་ཆེད་དུ། འདིར་རིམ་གཉིས་ཀྱི་ལྷ་རྣམས་ཀྱི་སྒྱུ་ལུས་འོད་གསལ་ཟུང་འཇུག་མཚོན་པའི་ཕྱིར་དུ་ཞལ་གསུམ་ཕྱག་དྲུག་པ་ཤ་སྟག་ཏུ་གསུངས་པ་ཡིན་ནོ། །འོ་ན་རིམ་གཉིས་ཀྱི་ལྷ་རྣམས་ཀྱིས་སྒྱུ་ལུས་འོད་གསལ་ཟུང་འཇུག་གསུམ་མཚོན་པ་གང་ལས་ཤེས་ཞེ་ན། བཤད་རྒྱུད་དགོངས་པ་ལུང་སྟོན་གྱི་རྡོ་རྗེ་རྩེ་མོའི་སྐབས་ལས་ཤེས་པ་ཡིན་ནོ། །དེའི་ཚུལ་ཡང་གཡས་ཀྱི་སོར་མོ་ལྔས་མིག་སོགས་དབང་པོ་ལྔ་མཚོན། གཡོན་གྱི་སོར་མོ་ལྔས་གཟུགས་སོགས་ཡུལ་ལྔ་མཚོན། སོར་མོ་ཕན་ཚུན་བསྣོལ་ཏེ་རྡོ་རྗེ་ཐལ་མོ་གཅིག་ཏུ་བྱས་པས་དབང་པོའི་རྣམ་པར་ཤེས་པ་མཚོན། དེ་ནི་འོད་གསལ་གྱི་དབང་དུ་བྱས་པའི་རྡོ་རྗེ་ཐལ་མོའི་ངེས་དོན་ཡིན་ནོ། །ཟུང་འཇུག་གི་དབང་དུ་བྱས་ན་གཡས་ཀྱི་སོར་མོ་ལྔས་ཐབས་དག་པ་སྒྱུ་མའི་སྐུ་དེ་མཚོན། གཡོན་གྱི་སོར་མོ་ལྔས་ཤེས་རབ་དོན་གྱི་འོད་གསལ་དེ་མཚོན། སོར་མོ་ཕན་ཚུན་བསྣོལ་ཏེ་རྡོ་རྗེ་ཐལ་མོ་གཅིག་ཏུ་བྱས་པས། དེ་ཉིད༼དེ་གཉིས༽་སྐུ་ཐུགས་དངོས་པོ༼ངོ་བོ༽གཅིག་ཏུ་ཚོགས་པའི་ཟུང་འཇུག་དེ་མཚོན། དེ་ནི་ཟུང་འཇུག་གི་དབང་དུ་བྱས་པའི་རྡོ་རྗེ་ཐལ་མོའི་ངེས་དོན་ཡིན་ནོ། །ཞལ་གསུམ་གྱི་མཚོན་དོན་ལ་སྦྱར་ན། གཡས་ཞལ་གྱིས་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་མཚོན། གཡོན་ཞལ་གྱིས་ཤེས་རབ་སྟོང་ཉིད་རྟོགས་པའི་བློ་དེ་མཚོན། དབུས་ཞལ་གྱིས་དེ་གཉིས་བློ་གཅིག་གི་ངོ་བོར་བདེ་སྟོང་དབྱེར་མེད་དུ་སྦྱོར་བའི་དོན་གྱི་འོད་གསལ་དེ་མཚོན། དེ་ནི་འོད་གསལ་གྱི་དབང་དུ་བྱས་པའི་ཞལ་གསུམ་གྱི་མཚོན་དོན་ཡིན་ནོ། །ཟུང་འཇུག་གི་དབང་དུ་བྱས་ན། གཡས་ཞལ་གྱིས་ཐབས་དག་པ་སྒྱུ་མའི་སྐུ་དེ་མཚོན། གཡོན་ཞལ་གྱིས་ཤེས་རབ་དོན་གྱི་འོད་གསལ་དེ་མཚོན། དབུས་ཞལ་གྱིས་དེ་གཉིས་སྐུ་ཐུགས་དངོས་པོ༼ངོ་བོ༽གཅིག་ཏུ་ཚོགས་པའི་ཟུང་འཇུག་གི་སྐུ་དེ་མཚོན། དེ་ནི་ཟུང་འཇུག་གི་དབང་དུ་བྱས་པའི་ཞལ་གསུམ་གྱི་མཚོན་དོན་ཡིན་ནོ། །ཕྱག་དྲུག་གི་མཚོན་དོན་ལ་སྦྱར་ན། བོད་ཀྱི་བླ་མ་སྔ་མ་ཁ་ཅིག་གི་གསུང་ན་རེ། གཡས་ཀྱི་ཕྱག་གསུམ་གྱིས་ཕ་ལས་ཐོབ་པའི་ཁུ་བ་རྐང་རུས་པ་གསུམ་པོ་དེ་མཚོན། གཡོན་གྱི་ཕྱག་གསུམ་གྱིས་མ་ལས་ཐོབ་པའི་ཤ་ཁྲག་པགས་པ་གསུམ་པོ་དེ་མཚོན། ཞེས་ཟེར། ཡང་ཁ་ཅིག་ན་རེ། གཡས་ཀྱི་ཕྱག་གསུམ་གྱིས་ལུགས་འབྱུང་གི་སྟོང་པ་གསུམ་དང་། གཡོན་གྱི་ཕྱག་གསུམ་གྱིས་ལུགས་ལྡོག་གི་སྟོང་པ་གསུམ་སྟེ་དྲུག་པོ་དེ་མཚོན་པ་ཡིན་ནོ་ཞེས་ཟེར། རང་ལུགས་ནི། གཡས་ཀྱི་ཕྱག་གསུམ་དང་གཡོན་གྱི་ཕྱག་གསུམ་སྟེ་དྲུག་པོ་དེས་ལུགས་འབྱུང་གི་སྟོང་པ་གསུམ་དང་དེའི་བཞོན་པའི་རླུང་གསུམ་དང་དྲུག་པོ་དེ་མཚོན་པ་ཡིན་ཏེ། དགོངས་པ་ལུང་སྟོན་ལས། དེ་ཡི་ལག་པ་མ་རིག་སྟེ། ཞེས་གསུངས་པའི་ཕྱིར། |
Domain | ཆོས་ལུགས། |
{{#arraymap:ལྷའི་ཞལ་ཕྱག་
|; |@@@ | | }}