88144
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། རང་རྒྱུད་པ། འཇིག་རྟེན་གྱི་ཁམས་ཀྱི་སྟོང་གསུམ་ཚུན་ཆད་ཀྱི་སྒྲ་ཕྲ་རགས་སོགས་མངོན་སུམ་དུ་ཐོས་པའི་བསམ་གཏན་སས་བསྡུས་ཀྱི་ཤེས་རབ་ཅིག་ལ་ཟེར། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། མངོན་ཤེས་གང་ཞིག བདག་རྐྱེན་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་འཇིག་རྟེན་གྱི་ཁམས་ཀྱི་སྒྲ་ཕྲ་རགས་མངོན་སུམ་དུ་ཤེས་པའི་ཆ་ནས་མངོན་ཤེས་སུ་བཞག་པས་རབ་ཏུ་ཕྱེ་བ་ལྷའི་རྣ་བའི་མངོན་ཤེས་ཀྱི་མཚན་ཉིད་དང། རྟེན་ལ་ལུས་རྟེན་དང་སེམས་རྟེན་གཉིས་ལས། དང་པོ་ནི་འདོད་པའི་རྟེན་ཅན་དང་། གཉིས་པ་ནི་དག་པའི་བསམ་གཏན་བཞི་ལ་བརྟེན་ནས་སྒྲུབ་པའི་ཕྱིར། བྱེད་ལས་ནི་གཞན་གྱི་དགེ་མི་དགེ་སྤྱོད་པ་ཤེས་ནས་དགེ་བ་ལ་བསྐུལ་བར་བྱེད་ལ། ས་མཚམས་ནི་བསམ་གཏན་གྱི་དངོས་གཞི་ཐོབ་པའི་ལམ་དུ་མ་ཞུགས་པ་ན་ཡོད་དོ། །ཞེས་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:ལྷའི་རྣ་བའི་མངོན་ཤེས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་གནས་པའི་སྒྲ་ཆུང་ངུ་དང་གཅིག་ཤོས་ཆེན་པོ་རྣམས་ཐོས་པ་དང་སྒོམ་པའི་སྟོབས་ཀྱིས་བྱུང་བ་མཉམ་པར་བཞག་པའི་སས་བསྡུས་པའི་གཟུགས་ཅན་དང་བའོ། །ལྷའི་རྣ་བ་དེ་ཡང་གསུམ་སྟེ། སྐྱེ་བས་ཐོབ་པ་ནི། གཟུགས་ཀྱི་ལྷ་རྣམས་ཀྱི་ལྟ་བུའོ། །ལས་ལས་སྐྱེས་པ་ནི། འཁོར་ལོ་བསྒྱུར་རྒྱལ་དང་། སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྟ་བུའོ། །སྒོམ་པ་ལས་བྱུང་བ་རྣལ་འབྱོར་པའི་མཐུ་མངོན་ཤེས་སུ་བགྲང་བའོ། །ཞེས་རེད་མདའ་བའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། ཀུན་མཁྱེན་གོ་རམས་པས། མཚན་ཉིད་ནི། བདག་རྐྱེན་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་སྟོང་གསུམ་གྱི་སྒྲ་ཕྲ་རགས་ཀུན་ཐོས་པ་ཡང་དག་པར་འབྱོར་པར་བྱེད་པའི་སྒོམ་བྱུང་གི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །འདི་ལ་སྐྱེས་ཐོབ་དང་ལས་ལས་སྐྱེས་པ་དང་སྔགས་དང་སྨན་གྱི་མཐུ་ལས་བྱུང་བ་དང། སྒོམ་པ་ལས་བྱུང་བ་དུ་མ་ཡོད་པའི་ནང་ནས་མངོན་ཤེས་སུ་བགྲང་བ་ནི་ཕྱི་མ་ཁོ་ནའོ། །ས་མཚམས་ནི། བསམ་གཏན་གྱི་དངོས་གཞི་ཐོབ་པའི་ལམ་མ་ཞུགས་ནས་སངས་རྒྱས་སའི་བར་དུ་ཡོད་དོ། །ཞེས་ཡུམ་དོན་རབ་གསལ་ལས་གསུངས་སོ། ། |
{{#arraymap:ལྷའི་རྣ་བའི་མངོན་ཤེས་
|; |@@@ | | }}