88157

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷའི་སྤྱན་ (1)
Part of speech མིང་ཚིག
Definition མདོ། སྤྱན་ལྔ་པོ་གང་རུང་ཡང་ཡིན། རང་ཡུལ་དུ་གྱུར་པའི་སེམས་ཅན་འཆི་འཕོ་བ་དང་སྐྱེ་བ་ལ་སོགས་པ་མངོན་སུམ་གྱིས་རྟོགས་པའི་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་མཁྱེན་པར་དམིགས་པ། ས་མཚམས་ནི། སྦྱོར་ལམ་ནས་སངས་རྒྱས་ཀྱི་སའི་བར་ཡོད།
Domain ཆོས་ལུགས།

{{#arraymap:ལྷའི་སྤྱན་

|; |@@@ | | }}

ལྷའི་སྤྱན་ (2)
Part of speech མིང་ཚིག
Definition རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་དངོས་སུ་བྱུང་བའི་རང་ཡུལ་དུ་གྱུར་པའི་སེམས་ཅན་སྐྱེ་བ་དང་འཆི་འཕོ་བ་ཅི་རིགས་པ་མངོན་སུམ་དུ་རྟོགས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའི་མཁྱེན་པ་དེ། ལྷའི་སྤྱན་གྱི་མཚན་ཉིད་ཡིན། ས་མཚམས་ནི། སྦྱོར་ལམ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད།

{{#arraymap:ལྷའི་སྤྱན་

|; |@@@ | | }}

ལྷའི་སྤྱན་ (3)
Part of speech མིང་ཚིག
Definition སྐྱེ་བ་སྔོན་མའི་ལས་ཀྱི་རྣམ་སྨིན་ལས་བྱུང་ཞིང་དཔག་ཚད་བརྒྱ་སྟོང་ཚུན་ཆད་ཀྱི་སེམས་ཅན་གྱི་འཆི་འཕོ་བ་དང་སྐྱེ་བ་སོགས་མཐོང་བའི་གོང་མའི་སས་བསྡུས་ཀྱི་ཤེས་རབ་ཞིག་ལ་ཟེར། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། དཔག་ཚད་བརྒྱ་ནས་སྟོང་གསུམ་ཚུན་གྱི་སེམས་ཅན་འཆི་འཕོ་བ་དང་སྐྱེ་བ་མངོན་སུམ་དུ་རྟོགས་པའི་ཆ་ནས་བཞག་པས་རབ་ཏུ་ཕྱེ་བ་ལྷའི་སྤྱན་གྱི་མཚན་ཉིད། རྟེན་ལ་ལུས་སེམས་གཉིས་ལས། ལུས་རྟེན་ཕྱི་ནང་གཉིས་ཀ་ཡོད། སེམས་རྟེན་ནི། སྤྱིར་སྤྱན་ལྔ་གསར་དུ་སྐྱེད་པའི་སེམས་རྟེན་ཡིན་ན། བསམ་གཏན་གྱི་དངོས་གཞི་ཡིན་དགོས་ཏེ། དེ་དེ་ལ་བརྟེན་ན་སྒྲུབ་སླ་བའི་ཕྱིར། ཕྱིས་ནི་ངེས་པ་མེད་དེ། བསམ་གཏན་བཞི་དང་གཟུགས་མེད་བཞི་ཀའི་ངོ་བོར་གྱུར་པའི་སྤྱན་ལྔ་ཡོད་པའི་ཕྱིར། ས་མཚམས་ལམ་མ་ཞུགས་ནས་ཡོད། བྱེད་ལས་ནི། གདུལ་བྱ་གང་དུ་ཤི་འཕོས་པ་དང། གང་དུ་སྐྱེ་བ་སོགས་ཤེས་པར་བྱེད་དོ། །

{{#arraymap:ལྷའི་སྤྱན་

|; |@@@ | | }}