88168

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷས་བྱིན་གྱི་བརྟུལ་ཞུགས་ལྔ་ (1)
Part of speech མིང་ཚིག
Definition ལྷ་བྱིན་གྱི་བརྟུལ་ཞུགས་གང་ཞེ་ན། རྟོགས་བརྗོད་བརྒྱ་པ་ལས། ༡ དགེ་སྦྱོང་གོའུ་ཏ་མ་དགོན་པར་གནས་ན་ནི་བདག་ཅག་གྲོང་འདབ་ན་གནས་པར་བྱའོ། །དེ་ཅིའི་ཕྱིར་ན་དགེ་སློང་དག་དགོན་པར་གནས་པ་ལ་ནི་ཉེས་དམིགས་མང་བའི་ཕྱིར་རོ། །༢ དགེ་སྦྱོང་གོའུ་ཏ་མས་ཤ་བཟའ་བར་གནང་ན་ནི། བདག་ཅག་གིས་བཟའ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན་གཞི་དེ་ལས་སེམས་ཅན་རྣམས་གསོད་པར་འགྱུར་བའི་ཕྱིར་རོ། །༣ དགེ་སྦྱོང་གོའུ་ཏ་མ་ལན་ཚྭ་ཟ་ན་ནི་བདག་ཅག་གིས་བཟའ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན་ཁུ་ཆུ་ལས་བྱུང་བའི་ཕྱིར་རོ། །༤ དགེ་སྦྱོང་གོའུ་ཏ་མས་འོ་མ་འཐུང་ན་ནི་བདག་གིས་བཏུང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན་གཞི་དེ་ལས་བེའུ་རྣམས་ཉོན་མོངས་པར་འགྱུར་བའི་ཕྱིར་རོ། །༥ དགེ་སྦྱོང་གོའུ་ཏ་མས་ཆོས་གོས་དྲས་པ་གྱོན་ན་ནི་བདག་གིས་བགོ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན་མི་རྣམས་ཀྱིས་ཞོ་ཤས་བསྒྲུབས་པ་ཆུད་ཟོས་པར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་སོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། །
Domain ཆོས་ལུགས།

{{#arraymap:ལྷས་བྱིན་གྱི་བརྟུལ་ཞུགས་ལྔ་

|; |@@@ | | }}