88170

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷས་བྱིན་གྱི་སྡིག་པ་མི་དགེ་བའི་ཆོས་གསུམ་ (1)
Part of speech མིང་ཚིག
Definition འདུལ་བ་གཞི་ལས་བྱུང་བ་སྟེ། ༡. ཐོག་མ་ཉིད་ནས་ལྷས་བྱིན་སྡིག་པ་འདོད་པར་གྱུར་ཅིང་། སྡིག་པ་འདོད་པའི་དབང་དུ་གྱུར་པ་སྟེ། གང་ལྷས་བྱིན་ཐོག་མ་ཉིད་ནས་སྡིག་པ་འདོད་པར་གྱུར་ཅིང་སྡིག་པ་འདོད་པའི་དབང་དུ་གྱུར་པ་དམ་པ་མ་ཡིན་པའི་ཆོས་དང་པོ་འདི་དང་ལྡན་པས་ལྷས་བྱིན་ངན་སོང་སེམས་ཅན་དམྱལ་བར་བསྐལ་པར་གནས་པས་གསོར་མི་རུང་ངོ་། ། ༢. གཞན་ཡང་ལྷས་བྱིན་སྡིག་པའི་བཤེས་གཉེན་ཅན་སྡིག་པའི་གྲོགས་ཅན་སྡིག་པ་དང་སྡོང་པ་སྟེ། གང་ལྷས་བྱིན་ཐོག་མ་ཉིད་ནས་སྡིག་པའི་བཤེས་གཉེན་ཅན་སྡིག་པའི་གྲོགས་ཅན་སྡིག་པ་དང་སྡོང་པ་དམ་པ་མ་ཡིན་པའི་ཆོས་གཉིས་པ་འདི་དང་ལྡན་པས་ལྷས་བྱིན་ངན་སོང་སེམས་ཅན་དམྱལ་བར་བསྐལ་པར་གནས་པས་གསོར་མི་རུང་ངོ་། ། ༣. གཞན་ཡང་ལྷས་བྱིན་ཁྱད་པར་ངན་སོང་ཅུང་ཟད་ཙམ་ཞིག་རྟོགས་ནས་གོང་དུ་བྱ་བ་ཡོད་བཞིན་དུ་བར་དུ་སྒྱིད་ལུག་པར་གྱུར་ཏེ། གང་ལྷས་བྱིན་གྱིས་ཁྱད་པར་ངན་སོང་ཅུང་ཟད་རྟོགས་ནས། གོང་དུ་བྱ་བ་ཡོད་བཞིན་དུ་བར་དུ་སྒྱིད་ལུག་པ་དམ་པ་མ་ཡིན་པའི་ཆོས་གསུངས་པ་འདི་དང་ལྡན་པས་ལྷས་བྱིན་ངན་སོང་སེམས་ཅན་དམྱལ་བར་བསྐལ་པར་གནས་པས་གསོར་མི་རུང་ངོ་། །
Domain ཆོས་ལུགས།

{{#arraymap:ལྷས་བྱིན་གྱི་སྡིག་པ་མི་དགེ་བའི་ཆོས་གསུམ་

|; |@@@ | | }}