8821
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འདོད་ལྷ་རིས་དྲུག་གི་ནང་གསེས་ཤིག་སྟེ། གཞན་གྱིས་སྤྲུལ་པའི་ལོངས་སྤྱོད་ལ་ཅི་དགར་དབང་བྱེད་པས་གཞན་འཕྲུལ་དབང་བྱེད་ཅེས་བྱའོ། །ཡང་ན་གཞན་གྱིས་འདོད་པའི་ལོངས་སྤྱོད་སྤྲུལ་པ་རྣམས་ལ་ཕན་ཚུན་སྤྱོད་པར་དབང་བྱེད་པས་ན་གཞན་འཕྲུལ་དབང་བྱེད་ཅེས་བྱའོ། །དེ་དག་གི་ལུས་ཚད་ནི་རྒྱང་གྲགས་ཕྱེད་དང་གཉིས་དང་། ཚེའི་ཚད་ནི་འཛམ་བུའི་གླིང་པའི་མི་ལོ་ཆིག་སྟོང་དྲུག་བརྒྱ་གཞན་འཕྲུལ་དབང་བྱེད་ཀྱི་ཉིན་ཞག་ཏུ་བཞག་པས་རང་ལོ་ཆིག་ཁྲི་དྲུག་སྟོང་སྟེ། མི་ལོ་ཐེར་འབུམ་དགུ་དུང་ཕྱུར་གཉིས་བྱེ་བ་གཅིག་ས་ཡ་དྲུག་གོ ། |
Domain | ཆོས་ལུགས། |
{{#arraymap:གཞན་འཕྲུལ་དབང་བྱེད་པ་
|; |@@@ | | }}