88235

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷུང་བཟེད་སྤྱད་པའི་སྡེ་ཚན་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ཉེས་བྱས་སྡེ་ཚན་དྲུག་པ་ལྷུང་བཟེད་སྤྱད་པའི་སྡེ་ཚན་ནི། དགེ་སློང་གིས་ལྷུང་བཟེད་ལེགས་པར་མ་སྤྱད་པར་ཉེས་པར་བྱས་པ་ལས་གྱུར་པའི་ལྟུང་བ་ཞིག་ལ་ཟེར། དེ་ལ་དབྱེ་ན། འཕྱ་བ་ལ་སོགས་རྣམ་པ་བཞི། །ལྷུང་བཟེད་ལ་ཡང་རྣམ་པ་བཅུ། ཞེས་གསུངས་པ་ལྟར། པཎ་ཆེན་འདུལ་བ་ལས། གཞན་གྱི་ལྷུང་བཟེད་ལ་འཕྱས་གདགས་པའི་ཕྱིར་ལྟ་བ་དང་། ལག་པ་ཟས་ཀྱིས་སྤགས་པས་ཆུ་སྣོད་ལ་བཟུང་བ་དང་། ཟས་ཀྱིས་སྦགས་པའི་ཆུ་དགེ་སློང་ལ་གཏོར་བ་དང་། ཁྱིམ་པ་ལ་མ་དྲིས་པར་ཁྱིམ་དུ་ལྷུང་བཟེད་བཀྲུས་པའི་ཆུ་འབོ་བ་ལ་ཉེས་བྱས་ཏེ་བཞི། ལྷུང་བཟེད་དུ་ཟས་ལྷག་བླུགས་པ་དང། འོག་གཞི་མེད་པར་ལྷུང་བཟེད་བཞག་པ་དང་། ངམ་གྲོག་གི་ཁར་བཞག་པ་དང། གཡང་སར་བཞག་པ་དང་། བང་རིམ་གོལ་པོར་བཞག་པ་དང་། འགྲེང་སྟེ་བཀྲུ་བ་དང་། གོང་གི་གཞི་གསུམ་དུ་ལྷུང་བཟེད་བཀྲུ་བ་དང་། འབབ་ཆུ་དྲག་པོའི་རྒྱུན་ལས་ཟློག་ཅིང་ལྷུང་བཟེད་ཀྱི་ཆུ་བཅུ་པ་རྣམས་ལ་ཉེས་བྱས་ཏེ་བཅུ་བཞི་ཡོད་པའི་ཕྱིར།
Domain ཆོས་ལུགས།

{{#arraymap:ལྷུང་བཟེད་སྤྱད་པའི་སྡེ་ཚན་

|; |@@@ | | }}