88246
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། མ་ཧཱ་ཡོ་ག རྙིང་མ། དེ་བཞིན་གཤེགས་པས་གཟིགས་པའི་གཞི་ཤེས་བྱ་གཤིས་ཀྱི་གནས་ལུགས་ཏེ། དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ལས། དེ་བཞིན་གཤེགས་པའི་སྒྲ་བཤད་ལ། དེ་བཞིན་གཤེགས་པ་ཞེས་བྱ་བའི་དེ་བཞིན་ཉིད་དུ་གཤེགས་པ་སྟེ། དེ་ཞེས་པ་སྙེག་པའི་ཚིག་གང་ལ་སྙེག་ན་གཞི་ཤེས་བྱ་གཤིས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུའོ། །གང་ཞེ་ན། མ་བཅོས་པའི་དེ་བཞིན་ཉིད་སྐྱེ་མེད་ཀྱི་གཤིས། མ་ནོར་བའི་དེ་བཞིན་ཉིད་འགག་མེད་ཀྱི་གདངས། གཉིས་སུ་མེད་པའི་དེ་བཞིན་ཉིད་དབྱེར་མེད་ཀྱི་ངང་། ལྷུན་གྱིས་གྲུབ་པའི་དེ་བཞིན་ཉིད་བློའི་སྤྱོད་ཡུལ་ལས་འདས་པ་དེ་ཉིད་ནར་སོན་ཞིང་དེའི་ངོ་བོར་གྱུར་པས་ན་གཤེགས་པ་སྟེ། དེ་ཀ་ལ་འགྲེལ་པ་སྤར་ཁབ་ལྟར་སྟོན་པའི་རང་བཞིན་བདུན་གྱི་དབང་དུ་བྱས་ན་དེ་བཞིན་ཉིད་དུ་ནར་སོན་པའི་རང་བཞིན་ནོ། ། |
Domain | [ཆོས་ལུགས།, ལྟ་གྲུབ།] |
{{#arraymap:ལྷུན་གྱིས་གྲུབ་པའི་དེ་བཞིན་ཉིད་
|; |@@@ | | }}