88253

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷུན་གྲུབ་ (1)
Part of speech བསྣན་ཚིག
Definition ལྷུན་གྱིས་གྲུབ་པ་ཞེས་པའི་བསྡུས་ཚིག་སྟེ། འབད་མེད་རང་བཞིན་གྱིས་གྲུབ་པའི་དོན།
ལྷུན་གྲུབ་ (1)
Part of speech མིང་ཚིག
Definition རྫོང་ཞིག་སྟེ། ལྷ་སའི་བྱང་ངོས་འཕན་ཡུལ་ངན་ཆུའི་ཆུ་རྒྱུད་ན་ཡོད།
ལྷུན་གྲུབ་ (2)
Part of speech མིང་ཚིག
Definition རྒྱལ་པོ་ཁྲི་ལྡེ་སྲོང་བཙན་གྱི་བཙུན་མོ་ཆུང་བའི་སྲས་ཡིན་པར་གྲགས་ཀྱང་དགུང་ལོ་ཆུང་ངུའི་དུས་ནས་འདས་ཤིང་བང་སོ་ནི་མེད་ཅེས་འབྱུང་ངོ་། །
ལྷུན་གྲུབ་ (3)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག གནས་ལུགས་དོན་གྱི་གཞི་ཉིད་ཡོན་ཏན་ཡེ་ནས་རྫོགས་པས་ལྷུན་གྲུབ་ཅེས་བྱ་སྟེ། ཡིད་ཀྱི་མུན་སེལ་ལས། དེའང་ངོ་བོ་གང་དུའང་མ་གྲུབ་པས་ཀ་དག་ཅེས་བྱ་ལ། ཡོན་ཏན་ཡེ་ནས་རྫོགས་པས་ལྷུན་གྲུབ་ཅེས་བྱ་སྟེ། ངོ་བོ་གཅིག་ལ་རང་བཞིན་གཉིས་སུ་མེད་པ་ཆུ་དང་ཆུ་ཟླའི་ཚུལ་ཏེ། རྒྱས་པ་ལས། ཐམས་ཅད་དག་ཅེས་བྱ་བ་ཡང་། །དངོས་པོ་བསལ་དག་མ་ཡིན་ཏེ། །སྣང་སྤྱོད་ཉིད་ན་རྣམ་པར་དག ། རང་རིག་ཡེ་ཤེས་གཟུགས་སུ་སྐྱེས། །སྐུ་དང་ཡེ་ཤེས་བསམ་མི་ཁྱབ། །ཅེས་སོ། །ཞེས་གསུངས། ནང་གསེས་སུ། དབྱིངས་ལྷུན་གྲུབ་དང་། ཡེ་ཤེས་ལྷུན་གྲུབ་དང་། གཉིས་མེད་ལྷུན་གྲུབ་བཅས་གསུམ་དུ་གསུངས་ཏེ། ཡིད་ཀྱི་མུན་སེལ་ལས། དབྱེ་ན་ཀ་དག་ལྷུན་གྲུབ་གཉིས་པོ་ལ། དབྱིངས། ཡེ་ཤེས། གཉིས་སུ་མེད་པ་གསུམ་གསུམ་དུ་འདོད་དེ། (སྒྱུ་འཕྲུལ་རྒྱས་པ་)སྔ་མ་ལས། དབྱིངས་དང་ཡེ་ཤེས་གཉིས་སུ་མེད། །ལྷུན་གྱིས་གྲུབ་དང་རྣམ་དག་པའོ། །ཞེས་སོ། །ཞེས་གསུངས་སོ། །
Domain [ཆོས་ལུགས།, ལྟ་གྲུབ།]