From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ལྷུན་གྲུབ་གསུམ་ (1)
| Part of speech
|
མིང་ཚིག
|
| Definition
|
སྔགས། ཨ་ནུ་ཡོ་ག རྙིང་མ། གཟི་ལྡན་འཆར་ཁའི་འོད་སྣང་ལས། ལྷུན་གྲུབ་གསུམ་ནི་རང་བཞིན་སྤྲོས་བྲལ་ལྷུན་གྲུབ། རྣམ་པ་སྒྱུ་མ་ལྷུན་གྲུབ། མཚན་ཉིད་རང་རིག་ལྷུན་གྲུབ་བོ། །ཞེས་གསུངས་སོ། །
|
| Domain
|
ཆོས་ལུགས།
|
ལྷུན་གྲུབ་གསུམ་ (2)
| Part of speech
|
མིང་ཚིག
|
| Definition
|
སྔགས། མ་ཧཱ་ཡོ་ག རྙིང་མ།
|
| Domain
|
ལྟ་གྲུབ།
|
ལྷུན་གྲུབ་གསུམ་ (3)
| Part of speech
|
མིང་ཚིག
|
| Definition
|
ཡིད་ཀྱི་མུན་སེལ་ལས། དབྱིངས་ལྷུན་གྲུབ་དང་། ཡེ་ཤེས་ལྷུན་གྲུབ་དང་། གཉིས་མེད་ལྷུན་གྲུབ་གསུམ་དུ་གསུངས་སོ། །
|
ལྷུན་གྲུབ་གསུམ་ (4)
| Part of speech
|
མིང་ཚིག
|
| Definition
|
དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ལས། ལྷུན་གྲུབ་ཀྱི་གསུམ་ནི། ཆོས་ཉིད་ལྷུན་གྲུབ། ཆོས་ཅན་ལྷུན་གྲུབ། ལྷུན་གྲུབ་སྐྱོན་མེད་དམ་ཆེན་པོའོ། །ཞེས་གསུངས་སོ། །
|