From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ལྷོ་ཁ་ (1)
| Part of speech
|
མིང་ཚིག
|
| Definition
|
ས་ཁུལ་ཞིག་སྟེ། དབུས་ཀྱི་ལྷོ་རྒྱུད་ན་ཡོད་ཅིང་ས་ཁུལ་འདིའི་བྱང་རྒྱུད་ན་ཡར་ཀླུངས་གཙང་པོ་གཞུང་དུ་འབབ་ཅིང༌། ལྷོ་རྒྱུད་ན་ཧི་མ་ལ་ཡའི་རི་རྒྱུད་ཡོད། འདིའི་ཁོངས་སུ་སྣེ་གདོང་དང༌། ཟངས་རི། གྲ་ནང༌། གོང་དཀར། རྒྱ་ཚ། སྣང༌། འཕྱོངས་རྒྱས། ཆུ་གསུམ། ལྷོ་བྲག་མཚོ་སྣ། ལྷུན་རྩེ། མཚོ་སྨད། སྣ་དཀར་རྩེ་བཅས་འདུས་ཡོད།
|
ལྷོ་ཁ་ (2)
| Part of speech
|
མིང་ཚིག
|
| Definition
|
ལྷོ་བྱང་དུ་བགོས་པའི་ལྷོ་ཕྱོགས་ཀྱི་ས་ཆ།
|
| Example
|
བོད་ཀྱི་ལྷོ་ཁ་རུ་གྲོང་སྡེ་མང་པོ་ཡོད་ཅེས་པ་ལྟ་བུ།
|