88302

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷོ་ཁ་བ་གྲགས་པ་འོད་ཟེར་ (1)
Part of speech མིང་ཚིག
Definition ཆོས་རྗེ་སྐུ་ཕྲེང་བཞི་པ་ལྷོ་ཁ་བ་གྲགས་པ་འོད་ཟེར་ནི། མདོ་ཁམས་ལྷོ་ཕྱོགས་འབའ་ཁོག་སྟོད་སྡེ་དགེའི་ཡུལ་སྨད་ཚབ་ཚའི་བརྒྱུད་ལ་ཝ་ཤུལ་གྱི་རུས་སུ་སྐུ་འཁྲུངས། དྲུང་དཀའ་བཞི་པའི་ཡང་སྤྲུལ་གཉིས་པ་རིན་ཆེན་དཔལ་བཟང་སོགས་སྐུ་འཁོར་ཡོངས། འབའ་ལི་ཐང་ཕྱོགས་སུ་མཆོག་གི་སྤྲུལ་སྐུ་བཞུགས་པའི་ཡུལ་དུ་ཕེབས་ནས། ཆོས་རྗེ་སྐུ་གོང་མའི་སྐུ་སྐྱེས་སུ་ངོས་འཛིན་གནང་སྟེ་དཔལ་འཛམ་ཐང་ཆོས་རྗེའི་ཕོ་བྲང་དུ་ཁྲི་སྟོན་མཛད། དྲུང་དཀའ་བཞི་པའི་ཡང་སྤྲུལ་རིན་ཆེན་དཔལ་བཟང་སོགས་ཀྱི་མདུན་ནས་སོ་ཐར་དགེ་བསྙེན་སྔོན་དུ་འགྲོ་བའི་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་ཞུས་ནས་མཚན་ལ་རྒྱལ་བ་སེང་གེ་གྲགས་པ་འོད་ཟེར་ཞེས་གསོལ། ཆོས་རྗེ་གཞོན་ནུ་རྒྱལ་མཚན་གྱི་ཡང་སྤྲུལ་དང་། ཨརྒེའི་སྐུ་སྐྱེས་ཉི་མ་འོད་ཟེར་སོགས་སློབ་དཔོན་ཏུ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལ་གསན་བསམ་ལེགས་པར་གནང་བའི་ཐོག ཇོ་ནང་པའི་རང་ལུགས་ཀྱི་ཟབ་བཀའ་དུས་འཁོར་གྱི་དབང་ལུང་མན་ངག་བསྐྱེད་རྫོགས་བཅས་དང་། གཞན་ཡང་རྒྱུད་སྡེ་དུ་མའི་ཟབ་ཆོས་ཡུན་རིང་ནོད། ཆོས་རྗེ་འདིས་ཐུགས་དམ་མཐིལ་ཡན་ལག་དྲུག་གི་རྣལ་འབྱོར་ཉམས་བཞེས་གཙོ་བོར་མཛད་ནས་མུན་ཁང་དུ་སྒྲུབ་པ་ཁོ་ན་ལ་གཞོལ་བར་གྱུར། ཁོང་གིས་འགྲོ་དོན་ཡང་རྡོ་འཛི་སྨྲ་གསུམ་དང་། རྔ་རོང་སྡེ་ལྔ་། ལྷོ་རྭ་བཞི་བཅུ་གཉིས་ཀྱི་སྐྱེ་འགྲོ་གསོན་གྱི་སྐྱབས་འཇུག་དང་གཤིན་ལ་གནས་འདྲེན་གྱི་མཛད་བཟང་གིས་འཕྲིན་ལས་བསྐྱངས། གང་ཉིད་ཀྱིས་འཛམ་ཐང་གི་ལྷ་གསར་རྣམ་རྒྱལ་གླིང་གི་འདུ་ཁང་སོགས་གཙུག་ལག་ཁང་ཉམས་པ་རྣམས་སླར་གསོ་དང་། སྐུ་རྟེན་བྱམས་པའི་ཟབ་ཐང་གསར་བཞེངས་མཛད་ཅིང་། གསུང་རྟེན་ཡང་རིན་ཆེན་གསེར་དངུལ་གྱི་ཁུ་བས་བཀའ་ཆོས་ཤ་ཆུང་མ་ཞེས་གྲགས་པ་སོགས་གསུང་རབ་དུ་མ་ལེགས་བཞེངས་གནང་། ཁྱད་པར་ཐུགས་རྟེན་རྒྱ་ཁ་བཀྲ་ཤིས་གླིང་གི་རྟག་བརྟན་མཆོད་རྟེན་ཟེར་བ་ཇོ་ནང་སྐུ་འབུམ་ཆེན་མོའི་ཆགས་ཚུལ་དང་མཐུན་པ་ནང་དུ་ལྷ་ཁང་བརྒྱ་རྩ་ཅན་གསར་བསྐྲུན་གནང་སྟེ། དགུང་གྲངས་ང་གཉིས་སྟེང་ངོ་མཚར་བའི་ལྟས་དང་བཅས་པར་སྐུ་འདས་པའོ། །ཆོས་རྗེ་ཁོང་ནི་གཙང་བ་རྒྱལ་པོའི་སྲིད་དབང་ཉམས་ནས་དགའ་ལྡན་ཕོ་བྲང་གིས་བོད་ཀྱི་སྲིད་དབང་གསར་དུ་སྐྱོང་བའི་དུས་དང་མཉམ་པའོ། །

{{#arraymap:ལྷོ་ཁ་བ་གྲགས་པ་འོད་ཟེར་

|; |@@@ | | }}