88305

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷོ་པའི་བརྗིད་པའི་ཡོན་ཏན་ (1)
Part of speech མིང་ཚིག
Definition ཐུན་མོང་མ་ཡིན་པའི་རྒྱན་བཅུ་ཡི་ནང་གསེས་བརྒྱད་པ་བརྗིད་པའི་རྒྱན་གྱི་ནང་གསེས་གཉིས་པ་སྟེ། ཚིག་སྦྱོར་གང་ཞིག་གི་ཡི་གེ་ལྕི་བ་དང་ཡང་བའི་གྲངས་མང་ཉུང་ཆ་ནི་མཉམ་ཞིང་། རྗོད་བྱེད་ཀྱི་ཚིག་དང་བརྗོད་བྱའི་དོན་དེ་གསལ་ཞིང་མཛེས་པའི་ཆ་ནས་བརྗིད་པའི་རྒྱན་དུ་ལྷོ་ཕྱོགས་པས་འདོད་དོ། །
Example རྒྱལ་དབང་ལྔ་པས། སྐུ་མདངས་ཟེར་བ་སུ་ཝ་རྞ་བཞིན། །སྙན་གསུང་པི་ཝང་ཇི་ལྟ་བླ་ལྷག ། རྒྱལ་མཁྱེན་ལྟ་བུ་ལྡན་བློ་མ་མ། །ཚངས་སྲས་མ་སུ་སྲིད་ན་མཛེས་འདྲ། ། ཞེས་པས་ལྷ་མོ་དབྱངས་ཅན་མའི་སྐུའི་འོད་ཟེར་ནི། གསེར་གྱི་འོད་འཚེར་བ་བཞིན་དང་། པི་ཝང་ལྟར་སྙན་པའི་གསུང་དང་། རྒྱ་ཆེན་མཁྱེན་པའི་ཐུགས་དང་ལྡན་པ། ཞེས་བསྟོད་པའི་ཚིག་འདི་ལ་ཚིག་སྡུད་ཧ་ཅང་མང་ཞིང་། ཡི་གེའི་སྡེབ་སྦྱོར་ཡང་རྐང་བ་སྔ་མ་གསུམ་ལ་བཞི་རེ་ཡོད་པའི་ཆ་མཉམ་ཞིང་། རྐང་བ་ཕྱི་མ་ལའང་ལྕི་བ་དྲུག་དང་ཡང་བ་གསུམ་སྟེ་ཅུང་ཟད་ཆ་མི་མཉམ་ཡང་། སྐབས་འདིར་ཚིག་སྡུད་གལ་ཆེ་བས་ཡི་གེ་ལྕི་ཡང་ཞར་ལ་ཐོན་པ་ཡིན་པས་སྐྱོན་དུ་མི་འགྱུར་བར་གསུངས་སོ། །
Domain རྩོམ་རིག

{{#arraymap:ལྷོ་པའི་བརྗིད་པའི་ཡོན་ཏན་

|; |@@@ | | }}