88306

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷོ་པའི་མཉམ་པའི་ཡོན་ཏན་ (1)
Part of speech མིང་ཚིག
Definition ཐུན་མོང་མ་ཡིན་པའིི་རྒྱན་བཅུ་ཡི་ནང་གསེས་གསུམ་པ་མཉམ་ཉིད་ཀྱི་ནང་གསེས་དང་པོ་སྟེ། མཉམ་པ་ཞེས་པ་ནི་ཚིག་གི་སྦྱོར་བ་དེ་ཉིད་ཡི་གེ་འཇམ་རྩུབ་ཆ་མི་མཉམ་པ་དང་བྲལ་བ་སྟེ། དེ་ནི་ཚིག་གི་སྦྱོར་བ་འཇམ་རྩུབ་ཆ་མཉམ་པར་བྱས་པ་འཇམ་རྩུབ་བར་མའི་ཡི་གེ་བཀོད་པའི་སྐྱེ་གནས་ཅན་ཏེ་ངག་གི་སྦྱོར་བ་ཞིག་ལ་འདོད་པ་ཡིན། དེ་ཡང་ཚིག་སྦྱོར་གྱི་རྐང་པའི་ཡི་གེ་རྣམས་ལྕི་ཡང་ཆ་སྙོམས་པ་སྟེ། ཚིགས་བཅད་ཀྱི་ཚིག་རྐང་སྔ་མ་གཉིས་འཇམ་པ་དང་། ཕྱི་མ་གཉིས་རྩུབ་པར་བྱས་པའམ། ཚིག་རྐང་སྔ་ཕྱི་ལྕི་ཡང་སྤེལ་མའི་ཆ་མཉམ་པ་གང་རུང་ཞིག་ལ་འདོད་པ་ཡིན།
Example བོད་མཁས་པས། རྩྭ་ལྗང་མྱུ་གུའི་འདབ་དང་ཀ་མ་ལ། །རྣམ་བཀྲ་དབྱར་གྱི་དཔལ་མོ་ཡིད་འོང་མར། ། འཁྲིལ་ཕྱིར་སྤྲིན་ཚོོགས་སྒྲོགས་ལ་འབྲུག་སྒྲ་ཡིས། །སྒེག་རྣམས་སྒྲོ་གདུགས་བསྒྲེངས་ཞིང་གར་བསྒྱུར་རོ། ། ཞེས་པར་ཚིག་རྐང་སྔ་མ་གཉིས་འཇམ་པ་ཤས་ཆེ་ཞིང་། ཕྱི་མ་གཉིས་རྩུབ་པ་ཤས་ཆེ་བ་ལྟ་བུའོ། །
Domain རྩོམ་རིག

{{#arraymap:ལྷོ་པའི་མཉམ་པའི་ཡོན་ཏན་

|; |@@@ | | }}