88307

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷོ་པའི་མཛེས་པའི་ཡོན་ཏན་ (1)
Part of speech མིང་ཚིག
Definition ཐུན་མོང་མ་ཡིན་པའི་རྒྱན་བཅུ་ཡི་ནང་གསེས་དགུ་པ་མཛེས་པའི་རྒྱན་གྱི་ནང་གསེས་དང་པོ་སྟེ། བརྗོད་བྱའི་དོན་དེ་འཇིག་རྟེན་ལ་གྲགས་པའི་མཚམས་ལས་མ་འདས་པར་འོས་ཤིང་འཚམ་པར་བརྗོད་པས་དོན་དངོས་ཀྱི་གནས་ཚུལ་དང་མཐུན་པ་ཞིག་ཡིན། འདི་ལ་སྔོན་བྱུང་གི་གཏམ་ལ་སྦྱར་བ་དང་། བསྔགས་པ་ལ་སྦྱར་བ་གཉིས་ཡོད།
Example བོད་མཁས་པས། ཟུང་འཇུག་རྟོགས་པའི་གར་མཁན་མི་ལ་རྗེ། །རས་དཀར་བླ་གོས་བརྐྱངས་པའི་འཕུར་ལྡིང་གིས། ། ལན་མང་གཤེགས་ནས་ཤིས་པ་སྒྲུབ་པའི་མཁའ། །འཆི་མེད་ལམ་ཆེན་ཞེས་བརྗོད་དོན་དང་ལྡན། །ཞེས་པ་ལྟ་བུ་གཏམ་ལ་སྦྱར་བ་དང་། ཡང་། རྒྱལ་དབང་ལྔ་པས། ནམ་ཡང་ཟད་པ་མེད་པ་གནས་ལྔ་རིག ། མཐའ་ཀླས་ཡུན་དུ་གོམས་པའི་བློ་གྲོས་ཀྱིས། ། ཇི་སྙེད་ཆེས་བརླིང་ཤེས་བྱའི་ཕ་མཐའ་དེ། །འཇལ་ལ་ངལ་བའི་གནས་གང་སྲིད་ན་སུ། །ཞེས་པ་ལྟ་བུ་བསྔགས་པ་ལ་སྦྱར་བའོ། །
Domain རྩོམ་རིག

{{#arraymap:ལྷོ་པའི་མཛེས་པའི་ཡོན་ཏན་

|; |@@@ | | }}