88308

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷོ་པའི་རབ་དྭངས་ཀྱི་ཡོན་ཏན་ (1)
Part of speech མིང་ཚིག
Definition ཐུན་མོང་མ་ཡིན་པའི་རྒྱན་བཅུ་ཡི་ནང་གསེས་གཉིས་པ་རབ་དྭངས་ཀྱི་རྒྱན་གྱི་ནང་གསེས་དང་པོ་སྟེ། བརྗོད་བྱའི་དོན་དང་། རྗོད་བྱེད་ཀྱི་སྒྲ་གཉིས་ཀ་ཡོངས་གྲགས་སུ་གྱུར་པ་ཁོ་ན་སྦྱར་བས་བདེ་བླག་ཏུ་གོ་བར་འགྱུར་བ་ཞིག་ཡིན།
Example རྒྱལ་དབང་ལྔ་པས། དཀར་གསལ་ཟླ་གཞོན་ཅོད་པན་ལེགས་འཆིང་ཞིང་། །མགྲིན་པར་ཨནྡ་རྙིལ་གྱི་མདངས་འཕྲོ་བ། ། འཇིག་རྟེན་བྱེད་པོ་དུས་ཀུན་སྒྲིབ་མེད་པར། །གཟིགས་ཁྱོད་སྐབས་གསུམ་གཙུག་ན་མངོན་པར་མཛེས། །ཞེས་པ་ལྟ་བུ།
Domain རྩོམ་རིག

{{#arraymap:ལྷོ་པའི་རབ་དྭངས་ཀྱི་ཡོན་ཏན་

|; |@@@ | | }}