88309

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷོ་པའི་རྒྱ་ཆེ་བའི་ཡོན་ཏན་ (1)
Part of speech མིང་ཚིག
Definition ཐུན་མོང་མ་ཡིན་པའི་རྒྱན་བཅུ་ཡི་ནང་གསེས་བདུན་པ་རྒྱ་ཆེ་བའི་ཡོན་ཏན་གྱི་ནང་གསེས་དང་པོ་སྟེ། ཚིག་སྦྱོར་གང་དུ་ཡོན་ཏན་གྱི་ཁྱད་པར་འགའ་ཞིག་ཙམ་བརྗོད་པ་ལ། བརྗོད་བྱའི་དོན་དེར་གཞན་ལས་ཁྱད་པར་དུ་འཕགས་པའི་ཡོན་ཏན་དང་ལྡན་པར་རྟོགས་པར་བྱེད་ནུས་པ་དེ་རྒྱ་ཆེ་བའི་རྒྱན་ཉིད་དུ་བརྗོད་པར་བྱེད་དེ། དེ་འདྲ་བའི་རྒྱན་དེས་སྙན་ངག་གི་ལམ་ཀུན་ལ་མཛེས་པར་བྱེད་པས་ན་མགོན་དང་བཅས་པ་ཡིན་ནོ། །
Example རྒྱལ་དབང་ལྔ་པས། ཤོང་དཔང་རིག་བྱེད་འཆད་པའི་རྣམ་ཐར་དྲི། །སྔོན་བྱུང་ལོ་རྒྱུས་མ་ལ་ཡ་རླུང་གིས། ། དྲངས་པས་དད་པའི་སྤུ་ལོང་གཡོས་པ་ན། །འདྲེན་པ་གཞན་ལ་མཁས་པའི་རེ་བ་ལྷོད། །ཅེས་པ་ལྟ་བུ།
Domain རྩོམ་རིག

{{#arraymap:ལྷོ་པའི་རྒྱ་ཆེ་བའི་ཡོན་ཏན་

|; |@@@ | | }}