88311

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷོ་པའི་སྦྱར་བའི་ཡོན་ཏན་ (1)
Part of speech མིང་ཚིག
Definition ཐུན་མོང་མ་ཡིན་པའི་རྒྱན་བཅུ་ཡི་ནང་གསེས་དང་པོ་སྦྱར་རྒྱན་གྱི་ནང་གསེས་གཉིས་པ་སྟེ། འདི་ལ་དུང་དཀར་ཚང་གིས། སྲོག་ཆེན་གྱི་ཡི་གེ་ཤས་ཆེ་ཞིང་། སྲོག་ཆུང་གི་ཡི་གེ་ཡང་འགའ་ཞིག་བསྲེས་པ་ནི་ལྷོ་ཕྱོགས་བཻདརྦྷས་འདོད་པའི་སྦྱོར་བ་ལྕི་བ་བྱེད་ཚུལ་ཡིན་ཞེས་གསུངས།
Example དུང་དཀར་ཚང་གིས། ཁ་ཆར་འཚུབས་པའི་ཚང་ཚིང་ནགས་ཚལ་ཁྲོད། །ཤ་ཟ་གཅན་གཟན་འཕར་སྤྱང་མཆོངས་ཤིང་འཕྱོ། ། མཐོ་ཞིང་ལྷུན་ཆགས་བྲག་གི་ས་འཛིན་རྩེར། །བྱ་རྒྱལ་རྒོད་པོའི་གཤོག་འགྱུར་ངོམ་པ་མཐོང་། །ཞེས་པ་ལྟ་བུ།
Domain རྩོམ་རིག

{{#arraymap:ལྷོ་པའི་སྦྱར་བའི་ཡོན་ཏན་

|; |@@@ | | }}