8847

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞན་ལྡན་རྣམ་གཅོད་ཀྱི་སྒྲ་ (1)
Part of speech མིང་ཚིག
Definition རྗོད་བྱེད་ལ་རྣམ་གཅོད་ཀྱི་སྒོ་ནས་གསུམ་དབྱེ་བའི་ཡ་གྱལ་ཞིག་སྟེ། མཚན་ཉིད། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། (གཞན་ལྡན་རྣམ་གཅོད་ཀྱི་སྒྲའི་མཚན་ཉིད། ཚིག་ཕྲད་)ཁྱད་གཞིའི་འོག་དེ་མ་ཐག་པར་སྦྱར་ནས་རྗོད་བྱེད།
Example སྲིད་སྒྲུབ་ཁོ་ན་འཕོངས་སྐྱེན་ཞེས་བརྗོད་པའི་སྒྲ་དང༌། ཞེས་གསུངས།
Domain ཚད་མ།
གཞན་ལྡན་རྣམ་གཅོད་ཀྱི་སྒྲ་ (2)
Part of speech མིང་ཚིག
Definition ཁྱད་གཞི་གང་ཡང་རུང་བ་ཞིག་ལ་ཆོས་དེ་ལས་གཞན་ལྡན་པ་རྣམ་པར་བཅད་ནས་ཆོས་དེ་དང་ལྡན་པ་གོ་བར་བྱེད་པའི་སྒྲ་ཞིག་ལ་ཟེར་བ་ཡིན་ཏེ། མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་ཡུལ་ཡུལ་ཅན་གྱི་རྣམ་བཞག་གསལ་བའི་མེ་ལོང་ལས། ཤེས་བྱ་ལ་རྟག་པ་ཁོ་ན་ཡོད་ཅེས་པའི་ངག་དེ་གཉིས་པ་ཡིན་ཏེ། དེ་འདྲ་བའི་ངག་དེས་ཤེས་བྱ་ལ་རྟག་པ་ལས་གཞན་ལྡན་པ་རྣམ་པར་བཅད་ནས་དེ་དང་མི་ལྡན་པ་གོ་བར་བྱེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདི་ཚིག་ཟིན་ལྟར་བྲིས་པ་ཡིན། འོན་ཀྱང་དེ་དང་མི་ལྡན་པ་ཞེས་པའི་དགག་ཚིག་མི་ཞེས་པ་འདི་ཡིག་ནོར་ཡིན་ཏེ། དེ་ལྟར་མ་ཡིན་ན་ངག་དེའི་རང་ཚིག་སྔ་ཕྱི་འགལ་བར་འགྱུར་བས་སོ། །
གཞན་ལྡན་རྣམ་གཅོད་ཀྱི་སྒྲ་ (3)
Part of speech མིང་ཚིག
Definition ཆོས་དེེ་གཞི་དེ་ལས་གཞན་ལ་ལྡན་པ་རྣམ་པར་བཅད་ནས། གཞི་དེ་ལ་ལྡན་པར་སྟོན་པའི་ངག་ཞིག་ལ་ཟེར་བ་ཡིན་ཏེ། རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པས་མཛད་པའི་བསྟན་བཅོས་ཆེན་པོ་ཚད་མ་རིགས་པའི་རྒྱན་ལས། གཞན་ལྡན་རྣམ་གཅོད་ཀྱི་སྒྲའི་མཚན་ཉིད། ཆོས་དེེ་གཞི་དེ་ལས་གཞན་ལ་ལྡན་པ་རྣམ་པར་བཅད་ནས། གཞི་དེ་ལ་ལྡན་པར་སྟོན་པའི་ངག དཔེར་ན་སྒྲ་ཁོ་ན་མཉན་བྱ་ཡིན་ཞེས་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར།