8848
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཚད་མ་ལ་ཡུལ་ཅན་ལ་ངེས་པ་འདྲེན་ནུས་ཀྱི་སྒོ་ནས་གཉིས་དབྱེ་བའི་ཡ་གྱལ་ཞིག་སྟེ། མཚན་ཉིད། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། གཉིས་པ(་གཞན་ལས་ངེས་ཀྱི་ཚད་མ)འི་མཚན་ཉིད། ཚད་མ་གང་ཞིག །རང་ཉིད་ཚད་མ་ཡིན་པར་གཞན་སྟོབས་ཀྱིས་ངེས་པ་འདྲེན་པ། དཔེར་ན་རང་ཉིད་ཚད་མ་ཡིན་པར་གཞན་སྟོབས་ཀྱིས་ངེས་པ་འདྲེན་པའི་རྗེས་དཔག་དང༌། མངོན་སུམ་ཚད་མ་གསུམ་ལྟ་བུའོ། །ཞེས་དང། ཡང་ན། ཚད་མའི་བརྡ་ལ་མ་བྱང་བའི་སྐྱེས་བུའི་རྒྱུད་ཀྱི་ཚད་མ་ལྟ་བུའོ། །ཞེས་དང། མཁས་པ་ཁ་ཅིག །གཞན་ལས་ངེས་ཀྱི་ཚད་མའི་མཚན་ཉིད། ཚད་མ་གང་ཞིག །རང་ཉིད་མི་སླུ་བ་ཅན་དུ་གཞན་སྟོབས་ཀྱིས་ངེས་པ་འདྲེན་པ། ཞེས་དང་། གཞན་ལས་ངེས་ནི་འཁྲུལ་རྒྱུ་ཅན་གྱི་མངོན་སུམ་ཚད་མ་སྟེ། ད་ལྟ་རྒྱང་རིང་པོའི་དམར་འབར་བ་མེའི་ཁ་དོག་ཡིན་མིན་དུ་ཐེ་ཚོམ་སྐྱེད་ཅིང་ཕྱིས་ཚད་མ་གཞན་ལ་བརྟེན་ནས་རང་ཉིད་རྒྱང་རིང་པོའི་དམར་འབར་བ་མེའི་ཁ་དོག་ཡིན་པ་ལ་མི་སླུ་བ་ལྟ་བུ་ཅན་དུ་ངེས་རྒྱུའི་རྒྱང་རིང་པོའི་དམར་འབར་བ་འཛིན་པའི་དབང་མངོན་ལྟ་བུའོ། །ཞེས་གསུངས། |
| Domain | ཚད་མ། |