88530

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤ་བོ་རུ་རྟ་ (1)
Part of speech མིང་ཚིག
Definition རུ་རྟའི་མིང་སྟེ། ལོ་ཤས་སྐྱེ་བའི་རྩི་སྨན་རིགས་ཀྱི་དངོས་ཤིག གཙོ་བོ་མི་ཡིས་འདེབས་འཛུགས་བྱས་ནས་སྐྱེ་བ་ཞིག་ཡིན། རྩ་བ་དཀར་ལ་ནག་ཤས་ཡོད་པར་རྩ་རིས་ཞིབ་མོ་ཡོད་ཅིང་ཚི་ཁུ་ཁྲག་དང་ཆུ་སེར་འདྲ་བ་ཡོད་པ། ལོ་མ་ལྗང་སེར་མཐུག་ལ་སྒོར་ཞིང་ཆེ་བར་སྤུ་དཀར་འཇམ་པོ་ཐར་ཐོར་ཡོད་པའི་མཐར་སོག་ལེའི་སོ་འདྲའི་ཉག་ཆུང་ཡོད་ལ་རྐང་སྟེ་ངར་བ་རིང་བ་སྤྱིའི་སྐྱེ་དབྱིབས་སོགས་བྱི་བཟུང་དང་ཕྱོགས་མཚུངས་པར་ལོ་མ་བཞི་ལྔ་ཙམ་མཉམ་དུ་སྐྱེ་བ། གསར་སྐྱེས་ལོ་དེར་སྡོང་པོ་དང་མེ་ཏོག་མེད་ཅིང་ལོ་གཉིས་པར་སྡོང་པོ་སྨུག་པོ་འདྲོང་བ་ཁོང་སྟོང་གི་སྟོད་ཆ་ནས་ཡལ་ག་གྱེས་ཤིང་སྡོང་པོ་དང་ཡལ་གའི་རྩེར་འཆར། འབྲུ་གུ་སྟེ་ས་བོན་དུད་མདོག་འཇོང་ལེབ་ཀྱི་རྩ་མཇུག་བ་བྱི་བཟུང་གི་འབྲུ་འདྲ་བ་མང་པོ་ཡོད། འདི་ལ་ཁ་ལོ་ཡིད་འོང་ཡང་ཟེར།