8855

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞན་སྐྱེ་མེད་པ་ (1)
Part of speech མིང་ཚིག
Definition མདོ། ཐལ་འགྱུར་པ། རང་གི་མཚན་ཉིད་ཀྱིས་གྲུབ་པའི་རྒྱུ་གཞན་ལས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་འབྲས་བུ་གཞན་སྐྱེ་བ་མེད་པའམ། འབྲས་བུ་རྣམས་རང་གི་མཚན་ཀྱིས་གྲུབ་པའི་རྒྱུ་གཞན་ལས་སྐྱེ་བ་མེད་པ་སྟེ། མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། རང་གི་མཚན་ཉིད་ཀྱིས་གྲུབ་པའི་རྒྱུ་གཞན་ལས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་འབྲས་བུ་གཞན་སྐྱེ་བ་ཞིག་བྱུང་ན་གཞན་སྐྱེའི་དོན་ཡིན་ནོ། །ཞེས་དང་། གཞན་སྐྱེ་མེད་པ་དེ་དོན་དམ་བདེན་པ་མིན་ཏེ། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། རྒྱུ་འབྲས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཞན་དུ་མ་གྲུབ་པ་དང༌། རྒྱུ་འབྲས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་སོ་སོ་བར་མ་གྲུབ་པར་གཏན་ལ་འབེབས་པ་དེ། དེ་ཁོ་ན་ཉིད་ལ་དཔྱོད་པའི་སྐབས་ཡིན་ཀྱང༌། རྒྱུ་འབྲས་རང་གི་མཚན་ཉིད་ཀྱིས་གཞན་དུ་མ་གྲུབ་པ་དེ། དེ་ཁོ་ན་ཉིད་དང༌། དེ་ལྟར་གྲུབ་པར་འཛིན་པ་དེ་ཆོས་ཀྱི་བདག་འཛིན་མ་ཡིན་ཏེ། བདག་དང་གཞན་ལས་མི་སྐྱེ་བ་གཉིས་ཀྱི་རྟགས་ལ་བརྟེན་ནས། རྒྱུ་འབྲས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དེ་སྒྲུབ་པར་བྱེད་པའི་ཕྱིར། རྒྱུ་འབྲས་གཞན་དུ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དེ་ཁོ་ན་ཉིད་དང༌། དེ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པ་དེ་བདེན་འཛིན་ཕྲ་མོ་ཡིན་ཏེ། རྒྱུ་འབྲས་གཉིས་ཐ་སྙད་དུ་གཞན་ཡིན་པ་དང༌། མྱུ་གུ་ས་བོན་གཞན་ལས་སྐྱེ་བ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་མྱུ་གུའི་གནས་ལུགས་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།