8860

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞན་སྟོང་ (1)
Part of speech མིང་ཚིག
Definition མདོ། བཀའ་འཁོར་ལོ་ཐ་མའི་རྗེས་སུ་འབྲང་བའི་རྣམ་རིག་གི་དབུ་མ་པ་རྣམས་ཀྱི་འདོད་པའི་གནས་ལུགས་ཏེ། ཡུལ་གཟུང་བ་དང་ཡུལ་ཅན་འཛིན་པ་གཉིས་སུ་མེད་པ་རྟོགས་པའི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་དེ་ཡོངས་གྲུབ་ཡིན་ལ། དེ་གཞན་དབང་དང་ཀུན་བཏགས་སོགས་ཀུན་རྫོབ་པའི་ཆོས་གཞན་གྱིས་སྟོང་པས་ན་གཞན་སྟོང་ཞེས་ཟེར།
Domain ཆོས་ལུགས།
གཞན་སྟོང་ (2)
Part of speech མིང་ཚིག
Definition སྤྱིར་གཞན་སྟོང་གི་རྣམ་པར་གཞག་པ་ནི། རྣལ་འབྱོར་སྤྱོད་པའི་གཞུང་ལས་འབྱུང་ལ། རང་སྟོང་གི་རྣམ་པར་གཞག་པ་ནི། ངོ་བོ་ཉིད་མེད་པར་སྨྲ་བའི་གཞུང་ལས་འབྱུང་ངོ་། །དང་པོ་ལ་གང་སྟོང་པའི་གཞི་ནི། གཞན་དབང་ངོ་། །གང་གིས་སྟོང་པའི་དགག་བྱ་ནི་ཀུན་བཏགས་སོ། །དེ་དེས་སྟོང་པའི་སྟོང་ཉིད་ཀྱི་ངོ་བོ་ཡོངས་སུ་གྲུབ་པའོ། །དེ་ལྟར་གསུམ་གྱི་ནང་ནས་ཀུན་བཏགས་པ་ལ་ནི་སྤྱིའི་མཚན་ཉིད་དང་། རང་རང་གི་མཚན་ཉིད་གཉིས་སུ་མེད་དོ། །གཞན་དབང་ལ་ནི། སྤྱིའི་མཚན་ཉིད་མེད་ཀྱང་རང་གི་མཚན་ཉིད་ཡོད་པས། ཀུན་རྫོབ་ཀྱི་རང་གི་མཚན་ཉིད་མེད་པ་དང། དོན་དམ་པའི་རང་གི་མཚན་ཉིད་ཡོད་པའོ། །ཡོངས་གྲུབ་ལ་ནི། ཀུན་རྫོབ་པའི་རང་གི་མཚན་ཉིད་དང། དོན་དམ་པའི་རང་གི་མཚན་ཉིད་གཉིས་ཀ་ཡོད་དོ། །དེ་ལྟར་གསུམ་གྱི་ནང་ནས། ཀུན་བཏགས་དངོས་པོར་མེད་ལ། གཞན་དབང་ནི་དོན་དམ་པར་མེད་ཅིང། ཀུན་རྫོབ་ཀྱི་དངོས་པོར་ཡོད་པས་སྒྱུ་མ་ལྟ་བུའོ། །དོན་དམ་པའི་དངོས་པོ་ནི་ཡོངས་གྲུབ་གཅིག་པུ་ཁོ་ནའོ། །དེ་ལྟར་བཤད་པ་དེ་ཉིད་གཞན་སྟོང་གི་འཆད་ཚུལ་བླ་ན་མེད་པ་ཡིན་ཏེ། ཞེས་པཎ་ཆེན་ཤཱཀ་མཆོག་གིས་དབུ་མ་ལུང་རིགས་རྒྱ་མཚོ་ལས་གསུངས་སོ། །