8863

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞན་སྟོང་གི་ལྟ་ཁྲིད་ (1)
Part of speech མིང་ཚིག
Definition གཞན་སྟོང་གི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་ཉེར་ལྔ་པ་ཡིན། བརྗོད་བྱ་ནི། བཀའ་ཐ་མ་ངེས་དོན་གྱི་མདོ་སྡེའི་བསྟན་དོན་མཚན་ཉིད་གསུམ་ལ་སོགས་པ་ཐུན་མོང་མ་ཡིན་པའི་ཡིན་ལུགས་གཏན་ལ་ཕབ་ཏེ། དབུ་མ་གཞན་སྟོང་ཆེན་པོ་ཉམས་སུ་ལེན་ཚུལ་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། ཇོ་ནང་ཁྲིད་བརྒྱའི་མཚན་སྡོམ་ལས། ཐུབ་དབང་བྱམས་མགོན་རྒྱལ་སྲས་མཻ་དྲི་བ། པཎ་ཆེན་དགའ་བ་གྲགས་དང་སཛྫ་ན། རྔོག་ལོ་ཁ་བོ་ཆེ་དང་རྒྱ་དམར་བ། གྲོ་ལུང་པ་དང་ཕྱ་བ་ཆོས་སེང་གེ འདུལ་དཀར་འབྲེ་སྒུར་གདོང་ཁྲོད་དར་མ་འོད། གྲུབ་པ་སེང་གེ་བག་སྟོན་ཚུལ་རྒྱལ་བ། སྤང་སྟོན་གྲུབ་ཤེ་གཡག་རོང་རྣམ་པ་གཉིས། པཎ་ཆེན་དོན་ཡོད་དཔལ་ལྡན་ཚུལ་ཁྲིམས་པ། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། བཙན་ཁ་བོ་ཆེའི་ཁྲིད་དཔེ་ལས་བཏུས་སོ། །ཞེས་འབྱུང་ངོ་། །