88702
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་སྡེ་པ། ཤིང་ཤ་པ་དང་། ཤུག་པ་སོགས་ཤིང་གི་གསལ་བ་རྣམས་ཀྱི་སྤྱི་ཞེས་པ་ནི། ཤིང་འཛིན་རྟོག་པ་ལ་ཤིང་དུ་སྣང་བ་དེ་ཡིན། པཎ་ཆེན་བསོད་ནམས་གྲགས་པའི་དགོངས་པ་རབ་གསལ་ལས། ཤིང་འཛིན་རྟོག་པ་ལ་ཤིང་དུ་སྣང་བ་དེ། ཤ་ཤུག་གི་སྤྱི་ཡིན་པ་དང། ཤ་པ་དེ་ཤིང་མ་ཡིན་པ་ལས་ལོག་པ་དང་། ཤ་པ་མ་ཡིན་པ་ལས་ལོག་པ་གཉིས་ཀའི་གཞི་མཐུན་ཡིན་པ་དང། ཤིང་འཛིན་རྟོག་པ་འཁྲུལ་ཤེས་ཡིན་ཡང། ཤིང་ལ་རྒྱུད་ནས་བརྟེན་པའི་ཐ་སྙད་དོན་མཐུན་ཡིན་པའི་ཕྱིར། |
| Domain | ཚད་མ། |