From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཤག་ཏི་ (1)
| Part of speech
|
མིང་ཚིག
|
| Definition
|
རལ་གྲི་ཞིག
|
ཤག་ཏི་ (2)
| Part of speech
|
མིང་ཚིག
|
| Definition
|
བོན། ཤུག་ཤིང་སོགས་ལ་གཟུངས་སྔགས་བྲིས་པའི་སྦྱིན་སྲེག་གི་རྫས་ཞིག་སྟེ། བཟོ་དབྱིབས་ལ། ཞི་རྒྱས་དབང་དྲག་གི་ཚུལ་དང་། རལ་གྲིའི་དབྱིབས་ཅན་གཉིས་ཏེ། ༡. ཞི་རྒྱས་དབང་དྲག་གི་ཚུལ་ནི། རྩེ་མོ་ཟུར་གསུམ་རལ་གྲིའི་ཚུལ་གྱིས་དྲག་པོ་དང། དེའི་མཇུག་ཏུ་ཟླ་གམ་དང་། གྲུ་བཞི། ཟླུམ་པོ། རིམ་པས་དབང་དང་། རྒྱས་པ། ཞི་བར་མཚོན་པར་བྱེད་དེ། གདུང་ཀློང་གཉིས་ཀྱི་བཅའ་ཐབས་ལག་ཁྲིད་བློང་རྨོངས་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་ལས། ལས་བཞི་ཀུན་ཚང་བའི་ཚུལ་དུ། རྩེ་མོ་ཟུར་གསུམ་རལ་གྲིའི་ཚུལ་ལ། ཁ་ཕོག་གི་ཚུལ་དུ་ཟླ་གམ། འཆང་གཟུང་ཚུལ་དུ་གྲུ་བཞི། ཡུ་མགོའི་ཚུལ་དུ་ཟླུམ་པོར་བྱེད། ཅེས་སོ། །༢. རལ་གྲིའི་དབྱིབས་ཅན་ནི། རྩེ་མོ་རལ་གྲིའི་དབྱིབས་དང། རྩ་བ་ཟླུམ་པོར་བྱེད་ནས་ཐག་སྐུད་བརྒྱུ་སའི་བུ་ག་རེ་ལྡན་པ་དེ་ཙམ་ཆོག་པ་སྟེ། དེ་ཉིད་ལས། དེ་མིན་རྩེ་མོ་ཟུར་གསུམ་རལ་གྲིའི་དབྱིབས་ཅན་ལ། རྩ་བ་ཟླུམ་པོར་ཚོན་ཐག་བརྒྱུ་ས་རེ་དང་ལྡན་པར་བྱའོ། །ཞེས་སོ། །དེ་ལ་ཚོན་སོགས་ཀྱིས་ཡེ་གེ་འབྲི་བདེ་བ་བཟོ་ཞིང་། རིང་ཐུང་དང་ཞིང་ཚད་ནི་ཡོན་བདག་འབྱོར་བ་དང་། འབྲི་བྱ་སྔགས་ཀྱི་ཡི་གེའི་རིང་ཐུང་གིས་ཁྱད་པར་བྱེད་དོ། །ཤག་ཏིའི་རྒྱུ་ནི། ཞི་རྒྱས་དབང་དྲག་གི་ཤག་ཏིའི་རྒྱུ་སོ་སོ་ནས་ཀྱང་བཤད་ཀྱང་། མ་འབྱོར་ན་ཤུག་པ་ཁོ་ནས་བྱེད་ཆོག་སྟེ། དེ་ཉིད་ལས། བཟང་ཤིང་ཤུག་པ་ཁོ་ན་ལ་བྱེད་ཀྱང་རུང་ངོ། །ཞེས་སོ། །
|
| Domain
|
ཆོས་ལུགས།
|