88799

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤན་ (1)
Part of speech བྱ་ཚིག
Definition གཟུགས་མི་འགྱུར། ཡོ་བྱད་སོགས་ཀྱི་ཐོག་ལྕགས་རིགས་ལེབ་མོས་བཏུམ་པའི་དོན།
Keyword True
Example གྲིའི་ཡུ་བ་དངུལ་གྱིས་ཤན་ཞེས་པ་ལྟ་བུ།
Transitive བྱ་བྱེད་ཐ་དད་པ།
ཤན་ (2)
Part of speech བྱ་ཚིག
Definition ལྕགས་རིགས་ཀྱི་དངོས་པོའི་སྣེ་མོ་ཕན་ཚུན་མེ་ཡིས་སྦྱར་བའམ་ཆག་སྐྱོན་རིགས་ཚ་ལ་བྱས་པའི་དོན།
Example སྒོ་དང་ཉལ་ཁྲི་ཚང་མ་ལྕགས་ཤན་ནས་ལས་པ་རེད། ང་ལྕགས་ཤན་མཁན་ཞིག་ཡིན་ལྟ་བུ།
ཤན་ (1)
Part of speech མིང་ཚིག
Definition ཡོ་བྱད་སོགས་ཀྱི་སྟེང་ལ་སྦྱར་བའི་ལྕགས་རིགས་སོགས་ལེབ་མོའི་ལྷན་པའི་མིང་།
Example རྟ་སྒ་དངུལ་ཤན་མ་ལྟ་བུ།
ཤན་ (2)
Part of speech མིང་ཚིག
Definition ལྷད་ཞུགས་པའམ་འདྲེས་མར་གྱུར་པའི་དོན་ཏེ།
Example སྐད་ཡིག་གཞན་གྱི་ཤན། ལྟ་ཚུལ་ངན་པའི་ཤན་ཞེས་པ་ལྟ་བུ།
ཤན་ (3)
Part of speech མིང་ཚིག
Definition ཆུ་ནང་བགྲོད་བྱེད་ཀྱི་གྲུ་སྟེ།
Example ཤན་ལ་བསྡད་ནས་ཆུའི་ཕ་རོལ་ཏུ་བརྒལ་ལྟ་བུ།
Type བརྡ་རྙིང་།
ཤན་ (1)
Part of speech རྒྱན་ཚིག
Definition དབྱེ་བའམ་ཁྱད་པར་གྱི་དོན་ཏེ།
Example བདེན་རྫུན་ཤན་འབྱེད་པ་ཞེས་པ་ལྟ་བུ།