88814

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤན་འབྲེལ་གྱི་ལྟུང་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། སྐབས་འདིར་ཤན་ཞུགས་ཞེས་པ་ནི་ཉེས་པ་གཞན་ལ་གོས་པའི་དོན་དང་། དཔེར་ན་གོས་སྔ་མ་ལ་བརྟེན་ནས་གོས་ཕྱི་མ་སྤང་ལྟུང་འབྱུང་བའི་གཞིར་གནས་པ་ནི་སྤང་ཤན་རྡེག་ཅེས་པ་ཡིན་ནོ། །དེའི་དོན་ཞིབ་པར་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གསུམ་པ་འདི་ལ་རྗེས་སུ་ཞུགས་པ་ཉིད་ཀྱང་ཉམས་པ་ཡིན་ནོ་ཞེས་སོགས་ཀྱིས་ཤན་དང་འབྲེལ་བའི་ཐུན་མོང་བ་བསྟན་ཏེ། དེས་སྤང་ལྟུང་རྣམས་ལ་ཤན་འབྱུང་བར་བསྟན་པའི་ཕྱིར། དངོས་སུ་ཆོས་གོས་གཞན་ལ་བསྔོས་པ་དང་། རྣམ་བརྟགས་ཀྱི་བྱིན་བརླབས་བྱས་ན་ཤན་འབྱུང་བ་ཉམས་པ་དང་། བསམ་པ་རང་བཞིན་དུ་མི་གནས་པ་ལ་ཤན་མི་འབྱུང་བར་བསྟན་ནས། དེ་རྣམས་ལས་ལོག་ན་ཤན་འབྱུང་བ་དོན་གྱིས་བསྟན་པའི་ཕྱིར། ཤན་འབྱུང་བ་ཡང་ཡོད་དེ། འཆང་བ་གཉིས་དང་ཟླ་འཇོག་དང་། སྨན་ཞག་བདུན་པའི་གསོག་འཇོག་དང་། དགེ་སློང་མས་ཟླ་བ་ཕྱེད་ཕྱེད་ཅིང་ཆོས་གོས་བྱིན་གྱིས་མ་བརླབས་པ་ལྔ་ལ་ཞག་ཤན་གྱིས་ཁྱབ་པ་སྦྱར། དགེ་སློང་ཁྱད་པར་ཅན་མ་ཡིན་པའི་སྤང་ལྟུང་སུམ་ཅུ་པོ་མཐའ་དག་ལ་སྤང་ཤན་གྱིས་ཁྱབ་པའི་ཕྱིར། དགེ་སློང་ཁྱད་པར་ཅན་གྱི་རྒྱུད་ཀྱི་སྤང་ལྟུང་སུམ་ཅུ་ལ་ནི་སྤང་ཤན་གྱིས་མ་ཁྱབ་སྟེ། དེའི་རྒྱུད་ཀྱི་ཞག་བཅུ་འཆང་སྤང་ལ་དེས་མ་ཁྱབ་པའི་ཕྱིར་ཏེ། དེ་སྤང་ཤན་རྡེག་བྱེད་མ་ཡིན་པའི་ཕྱིར་ཏེ། དེ་ཕྱིར་བཅོས་བྱེད་པའི་ཚེ་ཕྱིས་རྙེད་ཀྱི་ཡོ་བྱད་རྣམས་སྤང་དགོས། རུང་དུ་གནས་པ་མ་ཡིན་པའི་ཕྱིར་ཏེ། དེའི་ཚེ་ན་སྤང་འབྲལ་སྔོན་དུ་བཏང་བ་ལ་ལྟོས་མི་དགོས་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཤན་འབྲེལ་གྱི་ལྟུང་བ་

|; |@@@ | | }}