88836

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤམ་ཐབས་ (1)
Part of speech མིང་ཚིག
Definition རྒྱུད་སྟོད་གྲྭ་ཚང་གི་ཕྱག་སྲོལ་ལ། སྐུ་ཤམ་ལྟ་བུར་མཚོན་ན་དགེ་སློང་ཡིན་ན་མཐང་གོས་དང་། དགེ་ཚུལ་ཡིན་ན་མཐང་འཛིན་དང་། དེ་ཡང་ཁ་ལྕགས་དང་མེད་པ་མ་ཡིན་པ། མདོར་ན་འདུལ་བ་ནས་གསུངས་པ་བཞིན་བྱིན་རླབས་ཆགས་ངེས་ཤིག་བཞེས་དགོས། གཡས་ཕྱོགས་མདུན་ལ་ལྟེབ་རྩེག་གཅིག་དང་རྒྱབ་ལ་ལྟེབ་རྩེག་གཉིས། གཡོན་ཕྱོགས་མདུན་ལ་ལྟེབ་རྩེག་གསུམ་དགོས། གཡོན་གྱི་ལྟེབ་རྩེག་གཉིས་ནི་འགོག་བདེན་དང་ལམ་བདེན་སྒོམ་པར་མཚོན། གཡས་ཕྱོགས་རྒྱབ་ཀྱི་ལྟེབ་རྩེག་གཉིས་ནི་སྡུག་བསྔལ་བདེན་པ་དང་ཀུན་འབྱུང་སྤང་བར་མཚོན། གཡས་གཡོན་མདུན་གྱི་ལྟེབ་རྩེག་གཉིས་ནི་ཐབས་ཤེས་གཉིས་ཟུང་དུ་འབྲེལ་བ་མཚོན།

{{#arraymap:ཤམ་ཐབས་

|; |@@@ | | }}