88861

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition འདི་བ་ཤར་གདོང་སྐུ་ཕྲེང་བཞི་བ་ཡིན། ཁོང་ནི་རབ་བྱུང་བཅོ་ལྔ་བའི་ཆུ་ཁྱི་ཕྱི་ལོ་༡༩༢༢ལོར་མདོ་སྨད་བྱ་ཁྱུང་གུང་ཡེ་དགོན་ཚར་དུ་འཁྲུངས། དགུང་ལོ་བདུན་པར་བྱ་ཁྱུང་དགོན་པར་ཞུགས་ནས་མདོ་སྔགས་རིག་གནས་དང་བཅས་པར་གསན་སྦྱོང་མཐཪ་ཕྱིན་གནང་སྟེ། བཀའ་བཅུ་རབ་འབྱམས་པའི་མཚན་བཏགས་བཞེས། ཕྱི་ལོ་༡༩༥༨ལོ་ནས་ལོ་ངོ་༢༠རིང་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་སོགས་སྡུག་ལས་མནར་གཅོད་བཏང། བཙོན་གྲོལ་ཐོབ་རྗེས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་དགེའི་ཐུགས་འགན་བཞེས་ཏེ་བོད་ཀྱི་ཤེས་རིག་བསྐྱར་གསོའི་ཐད་མཛད་རྗེས་བླ་མེད་བཞག། ཕྱི་ལོ་༡༩༨༧ལོ་ནས་ཀུན་གཟིགས་པཎ་ཆེན་རིག་པོ་ཆེའི་བཀའ་དགོངས་བཞིན་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་དུ་ཕེབས་ནས་ལམ་རིམ་བློ་སྦྱོང་སོགས་འཆད་ཁྲིད་གནང་། བརྩམས་ཆོས་རྟོགས་བརྗོད་དང། སྙན་ངག་གནས་བསྟོད་སོགས་དང། ལམ་ཁྲིད་གནང་བ་དེབ་གཟུགས་སུ་དཔར་སྐྲུན་བྱས་པ་གླེགས་བམ་དུམ་ཡོད། བྱ་ཁྱུང་སོགས་དགོན་པ་དང་སློབ་གྲྭ་མང་པོར་ཕེབས་ཏེ་དབང་ཁྲིད་མན་ངག་དང། སུམ་རྟགས་དག་གསུམ་སོགས་ཀྱི་འཆད་ཁྲིད་གནང་སྟེ་བོད་ཀྱི་ཆོས་རིག་ཉམས་པ་སླར་གསོའི་ཐད་མཛད་རྗེས་བླ་ན་མཐོ་བ་བཞག། རབ་བྱུང་བཅུ་བདུན་པའི་ཆུ་ལུག་ཕྱི་ལོ་༢༠༠༣ལོར་སྐུ་གཤེགས།

{{#arraymap:ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་

|; |@@@ | | }}